དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམངས་ཁྲོད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-16


    ཉིན་ཤས་གོང་། ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་དུ་སྤེལ་བའི“གྲོང་གྲུག”རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་གསུམ་པའི་མཐའ་བསྡུར་ཐོག་ངར་སློང་རུ་ཁག་གིས་རྐང་རྩེད་སྤོ་ལོའི་ཐང་དུ་འཁྲབ་སྟོན་བྱེད་བཞིན་པ།

    ཀྲུང་གོའི་ཞིང་ཆེན་མང་པོར་ཁྱབ་པའི་དམངས་ཁྲོད་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་ལྟ་བར་ཡོང་ནས་དེ་གའི་བརྗིད་ཉམས་དང་ངར་སེམས་མྱོང་ལ་ཕེབས་པར་དགའ་བསུ་ཞུ། “‘ཧུའུ་ནན་གྱི་རྐང་གྲུག’ནི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས་ལྟད་མོ་ཆེ་བ་ཡོད”ཅེས་དབྱི་དབྱང་དུ་སྐད་ཆ་དེ་འདྲ་ཞིག་ཤོད་སྲོལ་ཡོད། འདི་གའི་སྤོར་རྩལ་ཆུ་ཚད་མཐོ་དམན་མི་མཉམ་པས། རྟག་ཏུ་སྤོ་ལོ་སྤྲོད་ནོར་ཤོར་བ་དང་སྤོ་ལོ་སྒོ་ལ་གཞུ་སྐབས་མཐོ་དྲག་པའི་གནས་ཚུལ་ཐོན་གྱི་ཡོད། འོན་ཀྱང་འགྲན་རའི་ཐོག་གི་སྤྲོ་སེམས་ནི་ལྷད་མེད་ཅིག་རེད།

    གྲོང་ཁྱེར་དབར་གྱི་ལས་ཞོར་འགྲན་བསྡུར་དེ་རིགས་2025ལོའི་དཔྱིད་དུས་ནས་འགོ་ཚུགས་ཤིང་། ཐོག་མར་ཅང་སུའུ་རུ་སྤེལ་འགོ་ཚུགས་པ་དང་། ད་ཆ་ཞིང་ཆེན་20ཙམ་གྱིས་དེར་དཔེ་བལྟས་ནས་གཉེར་གྱི་ཡོད།

    སྤོ་ལོ་མ་བརྒྱབ་གོང་གི་ཆུ་ཚོད་ཁ་ཤས་ནང་། དབྱི་དབྱང་ལུས་རྩལ་ཐང་གི་ཕྱི་རོལ་དུ་དགའ་ནེའུ་དུས་ཆེན་ལྟ་བུའི་རྣམ་པ་མངོན་པ་དང་། ཁྲོམ་བཀྱག་སྟེང་ས་གནས་དེ་གའི་ཁྱད་ལྡན་སིལ་ཟས་འཚོང་བཞིན་ཡོད། སྤོ་ལོ་དབྱིངས་པ་རྣམས་སྔ་ས་ནས་དེ་གར་འཛོམས་ཏེ་རྔ་དང་འཁར་རྔ་རྡུང་བ་དང་དར་ཆ་གཡུག་གཡུག་བྱས་ནས་སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་གི་ཡོད། ངར་སློང་རུ་ཁག་གི་རུ་མི་ཚོས་འགྲན་བསྡུར་གྱི་བར་གསེང་དུ་འཁྲབ་སྟོན་བྱེད་ཀྱི་ཡོད། “ཧུའུ་ནན་གྱི་རྐང་གྲུག”གི་ཚོང་ལས་རོགས་ཟླ་ཞིག་གིས་རིམ་མཚུངས་མཉམ་འགྲན་དེ་བཙུགས་དོན་ནི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་ཆེད་ཡིན་མོད། འོན་ཀྱང་ཤུགས་རྐྱེན་མངོན་གསལ་དོད་ཤོས་ནི་སྤྱི་ཚོགས་ཀྱི་རིམ་ངོས་ལ་ཐེབས་ཡོད། དེས་མི་རྣམས་ལ་དགའ་འབོད་བྱེད་པའི་གོ་སྐབས་བསྐྲུན་ཡོད། “ང་ཚོའི་ངོས་ནས་བརྗོད་ན། དེ་ནི་གོ་སྐབས་གལ་ཆེན་ཞིག་རེད”ཅེས་དབྱི་དབྱང་རུ་ཁག་གི་རོགས་སྐྱོར་ཚོང་པ་ཞིག་གིས་བཤད།

    —— དབྱིན་ཇིའི《དཔལ་འབྱོར་རིག་པ་སྨྲ་བ》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།