དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-16

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཨུད་དངུལ་རྩ་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར། ཞིང་ཆེན་དེའི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩའི་མཁོ་སྤྲོད་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་ནུས་རྒྱུན་མཐུད་ཆེ་རུ་བཏང་བ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་དེའི་དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་233.1ཟིན་པ་དེ་དུས་མཚུངས་ལས་11%འཕར་ནས་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་5.2མཐོ་བ་བྱུང་སྟེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་དངུལ་རྩ་འཁོར་རྒྱུག་ཐད་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་ལེགས་གཏོང་གི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    “དངུལ་རྩའི་ལས་རིགས་བརྟན་པོའི་ངང་འཕར་བའི་དོན་ཚན་ཉི་ཤུ”དང་དེ་བཞིན་ནོར་སྲིད་དང་དངུལ་རྩ་མཉམ་འགུལ་གྱི་མང་འདུས་གསོག་འབོར་འཕར་སྣོན་སྲིད་ཇུས་བྱེད་ཐབས་སྡེབ་གཅིག་ཏུ་བཟོས་ནས་ལག་བསྟར་བྱས་པ་དང་། “སྔོན་ཚུད་ནས་གཏོང་སྤྲོད་དང་། དངོས་ཡོད་གནས་ཚུལ་གཞིར་བཟུང་རྩིས་རྒྱག་པ། ཐད་ཀར་དངུལ་ཁང་ལ་འབྱོར་བ། ཐད་ཀར་སྐྱེད་ཀ་སྤྲོད་པ”བཅས་ཀྱི་གཏོང་སྤྲོད་བྱེད་སྟངས་གསར་དུ་བཏོན་ཡོད། རིམ་རྩིས་བརྒྱབ་ན། ནོར་སྲིད་དང་དངུལ་རྩ་མཉམ་འགུལ་མ་དངུལ་སྒོར་དུང་ཕྱུར་14བཏང་བ་དང་དངུལ་རྩའི་ཐོན་ཁུངས་སྒོར་དུང་ཕྱུར་800འདེགས་སྐྱོར་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་། སྒྲིག་ཆས་གསར་བརྗེས། ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ། མི་སྒེར་གྱི་འཛད་སྤྱོད་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཞིར་ཕྱོགས་ཡོངས་ནས་ཁྱབ་པར་བྱས་པ་དང་། མཉམ་ལས་དངུལ་ཁང་གིས་སྐྱེད་ཀ་རྩིས་རྒྱག་གི་ལྷུ་ཚིགས་སུ་སྐྱེད་ཀ་ཐད་ཀར་གཅོག་པ་དང་། ཁྲོམ་རའི་བྱེད་པོའི་མ་དངུལ་སྔོན་གཏོང་གི་གནོན་ཤུགས་ཆུང་དུ་ནུས་ལྡན་གཏོང་བ། སྐྱེད་གསབ་མ་དངུལ“དོན་དག་བསྒྲུབས་རྗེས་ཁ་གསབ་བྱེད་པ”ནས“དོན་དག་མ་བསྒྲུབ་གོང་ནས་སྤྲོད་པའི”བར་འགྱུར་ལྡོག་བཏང་ཡོད་པ་རེད།

    དངུལ་རྩའི“ལས་དོན་ཆེན་པོ་ལྔ”གཏིང་ཟབ་སྤེལ་ཞིང་། ཚན་རྩལ་དངུལ་རྩས་མིང་ཐོ་སྐྱེལ་བ་དང་། ཆེད་གཏོགས་གཙོ་གཉེར་དངུལ་ཁང་། འགུལ་རྣམ་ལྟ་ཞིབ་ཚད་ལེན། སྐྱེད་གསབ་འགན་ལེན་བཅས་ཟུང་དུ་འབྲེལ་བའི་ཞབས་ཞུའི་མ་ལག་བཙུགས་ཏེ་ཟླ་9པའི་ཟླ་མཇུག་བར། ཚན་རྩལ་དངུལ་བུན་ལྷག་གྲངས་ཀྱིས་དངུལ་བུན་ཁག་གི་བསྡུར་གྲངས་བཟུང་ཚད་23.9%བར་མཐོ་རུ་ཕྱིན་ཡོད་པ་རེད། ལྗང་མདོག་དངུལ་རྩས་ཐཱན་རྩིས་ཁྲའི་དངུལ་བུན་དང་ལྗང་གློག་གི་འཛད་སྤྱོད་དངུལ་བུན་སོགས་ཁྱད་ལྡན་ཐོན་རྫས་གསར་དུ་བཏོན་པས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཐཱན་འབུད་ཉུང་གཏོང་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1228.9ཟིན་པ་དང་ཞིང་འབྲེལ་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་3.2%འཕར་ཡོད། ཀུན་ཕན་དངུལ་རྩས་ཞིང་ཆེན་དེའི་ཞིང་འབྲོག་ལས་ཀྱི་ལེགས་ལྡན་ཐོན་ལས་ལ་གཞིགས་ཏེ་གནད་སྨིན་མཐུན་རྐྱེན་སྦྱར་བས་ཀུན་ཕན་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་6%འཕར་ཡོད། རྒན་གསོའི་དངུལ་རྩས“རྒན་གསོའི་དངུལ་བུན”གྱི་ཆེད་གཏོགས་ཐོན་རྫས་གསར་དུ་བཏོན་ཏེ་ཟླ་བ་དང་པོ་ནས་དགུ་པའི་བར་རིམ་རྩིས་བརྒྱབ་ན་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་སྒོར་དུང་ཕྱུར་35.7བཏང་བ་རེད། གྲངས་འཛིན་དངུལ་རྩས“མཚོ་སྔོན་ཡིད་རྟོན་དངུལ་རྩའི”ལས་སྟེགས་ལ་བརྟེན་ནས་ཁེ་ལས་དང་འབྲེལ་བའི་ཡིད་རྟོན་ཆ་འཕྲིན་དུང་ཕྱུར་5.7གཅིག་སྡུད་བྱས་པར་རིམ་རྩིས་བརྒྱབ་ན་ཡིད་རྟོན་མ་དངུལ་སྒོར་དུང་ཕྱུར་545.73སྤྲད་པ་རེད།

    “སྐྱེད་ཀ་དམའ་རུ་གཏོང་བ་དང་། གྲོན་དངུལ་དམའ་རུ་གཏོང་བ། མ་གནས་གསལ་བསྒྲགས་བྱེད་པ། ཁྱབ་རྒྱ་ཆེ་རུ་གཏོང་བ”བཅས་ཕྱོགས་བཞི་གཞི་གཅིག་གི་ཕྱོགས་བསྡུས་མ་གནས་དམའ་རུ་གཏོང་བའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་བཙུགས་ནས་ཁུར་པོ་ཡང་དུ་གཏོང་བའི་ཁྱབ་ཁོངས་དེ་སྐྱེད་ཀ་ནས་ཁག་ཐེག་དང་། ཚོད་སྐོར། གཏའ་འཇོག་ཐོ་འགོད་སོགས་བར་གྱི་འགྲོ་གྲོན་སྣ་ཚོགས་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་མ་གནས་དམའ་རུ་གཏོང་སྟངས་དེ་སྐྱེད་ཀ་ཁོ་ན་གཅོག་པ་ནས་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་མ་གནས་དམའ་རུ་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད། རྒྱུན་རྣམ་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་བསྒྲགས་བྱས་ཏེ་ཁྲོམ་རའི་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་ཁུར་པོ་ཕྱོགས་ཡོངས་ནས་ཡང་དུ་བཏང་ཡོད། ཆ་རྐྱེན་འཛོམས་པའི་ཁྲོམ་རའི་བྱེད་པོས་མ་རྩའི་ཁྲོམ་རར་བརྟེན་ནས་ཐབས་ལམ་མང་བའི་མ་དངུལ་བསྡུ་སྒྲིལ་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པ་དང་། ཟླ་བ་དང་པོ་ནས་བཅུ་པའི་བར་ཐད་ཀའི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་215.8ཟིན་པ་དེ་དུས་མཚུངས་ལས་190.64%འཕར་བའི་ནང་ནུབ་གཏེར་ཚོགས་པས་སྒོར་དུང་ཕྱུར་21.01ཟིན་པའི་ཐཱན་སྙོམ་ABSབདེ་བླག་ངང་བཀྲམ་པ་དང་རྨ་ཆུ་ཀུང་སིའི་སྒོར་དུང་ཕྱུར་63ཟིན་པའི་ནུས་རྒྱུ་གཙང་མའི་སྒྲིག་གཞིའི་དབར་གྱི་REITབདེ་བླག་དོན་འཁྱོལ་བྱུང་བ་དེ་མིག་སྔར་ཁྲོམ་ར་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུའི་སྒྲིག་གཞིའི་དབར་གྱི་REITsརྣམ་གྲངས་ཤིག་རེད།

    ནོར་སྲིད་དང་དངུལ་རྩའི་མཉམ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་དང་། དུས་བབ་བརྡར་གཅོད། ལྟ་འདོམས་མཉམ་སྒྲུབ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཉེན་ཁའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཡོད། ལས་རིགས་དབྱེ་བ་དང་། ས་ཁུལ་དབྱེ་བ། ཁྱབ་ཁོངས་དབྱེ་བ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་མ་ལག་བཙུགས་ནས་ཁྲོམ་རའི་བྱེད་པོར་མ་དངུལ་བསྡུ་སྒྲིལ་གྱི་གནད་སྨིན་ནུས་ཆེའི་ཞབས་འདེགས་ཞུས་ཡོད། ཟླ་བ་དང་པོ་ནས་དགུ་པའི་བར་ཞིང་ཆེན་དེའི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་བྱེད་སྒོས་རིམ་རྩིས་བརྒྱབ་ན་ཁེ་ལས་690དང་སྦྲེལ་མཐུད་བྱས་པར་མ་དངུལ་བསྡུ་སྒྲིལ་གྱི་འདོད་འདུན་གྲུབ་ཚད་སྒོར་དུང་ཕྱུར་200ལས་བརྒལ་ཡོད། “མཚོ་སྔོན་ཡིད་རྟོན་དངུལ་རྩའི”ལས་སྟེགས་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་ཁེ་ལས་ཁྲི་3.69ལ་དངུལ་བུན་སྒོར་དུང་ཕྱུར་277.72བཏང་ནས་ཐོན་ལས་དང་། ནོར་ཁྲལ། དངུལ་རྩ་བཅས་ཀྱི་སྲིད་ཇུས་ནུས་ཆེའི་སྦྲེལ་མཐུད་དང་ཕྱོགས་གཅིག་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།