དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་ཐང་གཅེས་སྐྱོང་ཁུག་མ་དེ་ཚོ་ང་ཚོར་གོ་ཆོད་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16

    སྟོན་དུས་ནག་ཆུ་གྲོང་ཁྱེར་ཟོག་འགྲུལ་གླིང་དུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས། མི་མང་པོ་དེ་གར་བདེ་ཐང་གཅེས་སྐྱོང་ཁུག་མ་ལེན་པར་ཡོང་ཞིང་། དེའི་ནང་ལ་ལས་བང་བསྒྲིགས་ནས་རིགས་གཅིག་མཁས་ཅན་གྱི་ནད་བརྟག་སྨན་བཅོས་བྱེད་པར་སྒུག་པ་དང་ལ་ལས“ས་མཐོའི་ངལ་རྩོལ་པའི”སྐད་འཕྲིན་སྤྱི་རྟགས་ཁ་ཕྱེ་ནས་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤེས་རྟོགས་བྱེད་བཞིན་པ་ལ་སོགས་ནི་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་དུ་སྤེལ་བའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བདེ་ཐང་གཅེས་སྐྱོང་བྱ་སྤྱོད་ཅིག་རེད།

    བྱེད་སྒོ་སྤེལ་ཡུལ་དུ་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་དང་། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན། རྒྱལ་སའི་གསོ་རིག་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་སྨན་བཅོས་ཚོགས་པས་སྒྲོག་ཙེ་དབྱེ་ནས་ནད་བརྟག་སྨན་བཅོས་བྱེད་པ་དང་། ལས་དོན་པས་ནད་པར་ཁྲིད་སྟོན་བྱེད་པ། མདུན་ངོས་སུ་བདེ་ཐང་གཅེས་སྐྱོང་ཁུག་མ་གྲལ་འགྲིག་པོར་བཞག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཟོག་འཁོར་གྱི་ཁ་ལོ་བ་དང་། མྱུར་སྐྱེལ་བ། མངགས་སྐྱེལ་བ། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་སོགས་ཀྱི་ཚོགས་སྤྱིར་དམིགས་ནས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་450ཙམ་སླེབས་ཡོད།

    བྱེད་སྒོ་སྤེལ་ཉིན་རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་དང་། བདེ་ཐང་བློ་འདྲི། རྒྱང་བསྟེན་སྨན་བཅོས་དྲིལ་བསྒྲགས། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་དུས་གཅིག་ཏུ་སྤེལ་བ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་ཟོག་འཁོར་གྱི་ཁ་ལོ་བ་20ལ་འཚམས་འདྲིའི་དངུལ་སྒོར་ཁྲི་6སྤྲད་པ་རེད། “རྒྱང་བསྟེན་སྨན་བཅོས་ཞབས་ཞུ་དེ་2024ལོ་ནས་བཟུང་ལག་ལེན་བསྟར་བ་ཞིག་རེད”རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གཞི་རིམ་ལས་དོན་དང་བཅའ་ཁྲིམས་འགན་སྲུང་པུའི་པུའུ་ཀྲང་སུང་ལེན་ཧྲེན་གྱིས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ལས་བཟོའི་དཀའ་ངལ་རོགས་སྐྱོར་མ་དངུལ་རྣམ་གྲངས་རེ་ཞུ་བྱས་ནས། ཟོག་འཁོར་གྱི་ཁ་ལོ་བ་སོགས་དམིགས་བསལ་ལས་བཟོའི་ཚོགས་སྤྱིར་ཆེད་མངགས་རྒྱང་བསྟེན་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཡོད། “དེའི་དམིགས་ཡུལ་ནི་ཚང་མས་ལོ་འཁོར་མོར་རླངས་འཁོར་གཏོང་སྐབས་ནད་གཞི་ལྟ་མི་བདེ་བ་དང་། སྨན་བཅོས་བྱེད་མི་བདེ་བ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དཀོན་པ་བཅས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དེ་འཐབ་ས་དང་པོའི་ངལ་རྩོལ་པས་ཚོར་ཐུབ་པ་བྱ་ཆེད་ཡིན”ཞེས་ངོ་སྤྲོད་བྱས།

    དེས་མ་ཚད“ལས་བཟོའི་ཁྱིམ་གཞིས”ཞེས་པའི་APPཡི་བོད་ལྗོངས་ཆེད་ཁུལ་དུ་ལས་བཟོས་དྲ་ཐོག་ནས་ཁེ་དབང་སྲུང་སྐྱོང་དང་། བཅའ་ཁྲིམས་ཞབས་ཞུ། ལས་ཞུགས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་མ་ཟད། བཟོ་ཚོགས་ས་ཚུགས་སོགས་ཀྱི་ནུས་པའང་དེའི་ནང་འདུས་ཡོད། ཆེད་ཁུལ་གྱིས་ད་དུང་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་འཕྲིན་ལམ་བཙུགས་ནས་ས་ཁུལ་ཁག་གིས་ལས་བཟོའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཞབས་ཞུའི་བྱེད་ཁོངས་རྒྱ་ཆེར་བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།