མངའ་རིས་ས་ཁུལ་གྱི“བཟོ་སྐྲུན་ལས་མི་བརྒྱའི”སློབ་མ་ཁག་གཉིས་པ་ཧྲའན་ཤིས་སུ་གསོ་སྦྱོང་བྱེད་པར་བསྐྱོད་པ།
ཉེ་ཆར་མངའ་རིས་ས་ཁུལ་གྱི“བཟོ་སྐྲུན་ལས་མི་བརྒྱའི”སློབ་མ་ཁག་གཉིས་པ་ཧྲའན་ཤིས་སུ་བསྐྱོད་དེ། དུས་ཡུན་ཟླ་གཅིག་གི་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད། ཧྲའན་ཤིས་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་གཙོ་གནད་རྩལ་ནུས་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་གསོ་སྦྱོང་རིང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་དགོས་མཁོར་དམིགས་ཏེ་ཆེད་ལས་དང་བརྒྱུད་རིམ་ལྡན་པའི་རྩལ་ནུས་སློབ་ཁྲིད་བྱེད་པ་བརྒྱུད། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།
གསོ་སྦྱོང་གི་སྤུས་ཚད་འགན་ལེན་ཏན་ཏིག་བྱ་ཆེད། ད་ཐེངས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་གདམ་གསེས་ནན་པོ་བྱས་པ་བརྒྱུད་ལོ་ན་གཞོན་པ་དང་། རིག་གནས་ཀྱི་རྨང་གཞི་ངེས་ཅན་ལྡན་པ། སློབ་སྦྱོང་བྱེད་འདོད་ཡོད་པ་བཅས་ཀྱི་ས་གནས་དེ་གའི་གཞོན་ནུ་སྔོན་ལ་འདེམས་སྒྲུག་བྱས་ཤིང་། གསོ་སྦྱོང་ནང་གློག་བཟོ་བ་དང་ཚ་ལ་རྒྱག་པ་སོགས་གོ་ཆོད་པའི་ནང་དོན་བཀོད་སྒྲིག་བྱས་པ་དང་། ཧྲའན་ཤིས་ཀྱི་ཆེད་ལས་ཀྱི་གསོ་སྦྱོང་སློབ་གྲྭ་སྤུས་ལེགས་གཉིས་ལ་བརྟེན་ནས་སློབ་ཁྲིད་དང་ཆེད་ལས་དགེ་རྒན་དཔུང་ཁག་བཀོད་སྒྲིག་བྱས་ཏེ་ཚད་ལྡན་སློབ་ཁྲིད་དང་། དངོས་སྦྱོང་ཏན་ཏིག འོས་ཐོབ་དབང་གྲགས་ལྡན་པ་བཅས་བྱ་རྒྱུ་རེད། ད་ཐེངས་མི་རེའི་གསོ་སྦྱོང་ལ་མ་དངུལ་སྒོར་ཁྲི་3ཙམ་བཏང་ནས་སློབ་ཚན་སློབ་ཁྲིད་དང་། དངོས་སྦྱོང་བཀོལ་སྤྱོད། འཚོ་བ་འགན་ལེན་སོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།