དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་སྐབས་ཉེར་གསུམ་པའི“སྤུས་རྟགས་ཀྱི་མཚན་མོའི”ནང་བོད་ཀྱི་སྤུས་རྟགས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16

    ཟླ་11ཚེས་12ཉིན། ཧང་ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་གློག་འོད་ཁྲ་ཆེམ་མེར་འཕྲོས་ཤིང་། ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་སྐབས་ཉེར་གསུམ་པའི“སྤུས་རྟགས་ཀྱི་མཚན་མོ”དེ་གར་གཉེར་བ་རེད། བོད་ཀྱི་གམ་པའི་ལུག་དང་། ལུའོ་ཁྲོན་གྱི་ཀུ་ཤུ། ཀྲན་ཅང་ཉ་སོགས་རྒྱལ་ཡོངས་ཀྱི་མཚོན་བྱེད་རང་བཞིན་གྱི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་མཉམ་དུ་འགྲེམས་སྟོན་བྱས་པ་དེ“ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། སྤུས་རྟགས་ཞིང་ལས”བཅས་ཁག་ཆེན་པོ་བཞིར་དབྱེ་ནས་སོ་སོའི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཀྱི་གཏམ་རྒྱུད་བརྗོད་པ་རེད།

    གམ་པ་རྫོང་གིས་མ་དངུལ་སྒོར་ཁྲི་456བཏང་ནས་ལྗོངས་ཡོངས་ཀྱི་གམ་པའི་ལུག་ཐོན་ལས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཐོག་མ་བསྐྲུན་ཏེ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གྲངས་གཞི་ཆ་ཚང་ཐོ་འགོད་བྱས་ནས་ཐོན་ལས་དེ་རགས་ལས་རྣམ་པའི་ཉམས་མྱོང་དོ་དམ་ནས་གྲངས་འཛིན་ཅན་གྱི“གནད་སྨིན་དོ་དམ”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་རེད། 2025ལོར་རྫོང་ཡོངས་ཀྱིས་གམ་པའི་ལུག་ཁྲི་7.67བཙོངས་པ་དང་བཤས་བཏང་བར་རིན་ཐང་བསྡོམས་འབོར་སྒོར་ཁྲི་8400ལྷག་ཙམ་ཟིན་པ་དང་། ཚོང་ཟོག་ལ་འགྱུར་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་30%ཡང་མ་ཟིན་པ་ནས་55%བར་འཕར་ཡོད་པ་རེད།

    ད་ལོ་གམ་པ་རྫོང་གིས་སླར་ཡང་མ་དངུལ་སྒོར་ཁྲི་80བཏང་ནས་གམ་པའི་ལུག་གི་སྤུས་རྟགས་ཁྱབ་གདལ་ཐད་ཆེད་མངགས་སྤྱད་དེ་ཐོན་རྫས་ཀྱི་ཐུམ་སྒྲིལ་ཇུས་འགོད་དང་སྒྲིག་བཟོ་གཅིག་གྱུར་བྱས་པ་མ་ཟད། “832”ལས་སྟེགས་དང་བོད་ལྗོངས་མཁའ་འགྲུལ་གྱི“བོད་ཀྱི་ཚོང་ཟོག་ཡུལ་ཕྱོགས་གཞན་དུ་གཏོང་བ”སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། དྲ་ཐོག་དང་དྲ་ཕྱིར་མཉམ་དུ་ལས་ལ་གཞོལ་ཏེ་གངས་ལྗོངས་ས་མཐོའི་གམ་པའི་ལུག་སྔར་བས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་ཐུབ་པ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།