དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་ཟོག་འགྲུལ་ལྟེ་གནས་ཀྱིས“བཅུ་གཅིག་ཟུང”གི་དངོས་ཟོག་མཁོ་སྤྲོད་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16

     གསར་འགོད་པར་མཚོ་བོད་ལྕགས་ལམ་ཟོག་འགྲུལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “བཅུ་གཅིག་ཟུང”གི་དྲ་ཚོང་ཟོག་ཉོའི་དུས་ཆེན་གྱིས་བོད་དུ་ནང་འདྲེན་དང་བོད་ནས་ཕྱིར་གཏོང་བའི་མྱུར་སྐྱེལ་དངོས་ཟོག་མང་དུ་མུ་མཐུད་ཕྱིན་ནས། བོད་དུ་ནང་འདྲེན་གྱི་མྱུར་སྐྱེལ་དངོས་ཟོག་དེ་སྔ་ཉིན་རེར་རླངས་འཁོར་1གིས་བསྐུར་མ་6400ཙམ་སྐྱེལ་འདྲེན་བྱེད་པ་ནས་ཉིན་རེར་རླངས་འཁོར་3ཡན་གྱིས་བསྐུར་མ་ཁྲི་2ཙམ་སྐྱེལ་འདྲེན་བྱེད་པའི་བར་མང་དུ་ཕྱིན་ནས་དབོར་འདྲེན་བྱེད་ཚད་དེ་སྔ་ལས་ལྡབ་གསུམ་འཕར་ཡོད་པ་རེད།

    ས་བབ་མཐོ་བ་དང་། ལམ་ཐག་རིང་བ། དབོར་འདྲེན་བྱེད་མང་བ་བཅས་ཀྱི་སྐྱེལ་འདྲེན་གྱི་གནོན་ཤུགས་ལ་ཁ་གཏད་གཅོག་ཆེད། མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཀྱིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་མང་བའི་དུས་ཚོད་ཀྱི་ཆེད་དོན་སྐྱེལ་འདྲེན་ལ་འགན་ལེན་སྔ་སྣུར་དུ་བྱས་ཡོད། ཟླ་11པ་ཤར་ཚུན། སྦྲག་སྲིད་མྱུར་སྐྱེལ་གྱི་སྐྱེལ་འདྲེན་རྨང་གཞིའི་ཐོག་ཅིང་ཏུང་དང་ཧྲུན་ཧྥུང་སོགས་མྱུར་སྐྱེལ་ཁེ་ལས་མང་པོ་ཞིག་མང་དུ་བཏང་ནས། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་བས་འདོན་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།