དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་རྩལ་འགྲན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16


    འདི་ནི་འགྲན་རའི་ཐོག་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི“བྱང་ཐང་གྲོང་གྲུག”མི་བདུན་ལུགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་རྐང་རྩེད་སྤོ་ལོའི་ཐང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེ“རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་རྩལ་འགྲན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས། རྫོང་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ཤང་དང་གྲོང་རྡལ་དང་། གྲོང་ཚོ(སྡེ་ཁུལ)ཁག་ནས་ཡོང་བའི་འཐུས་མི་རུ་ཁག་15ཡི་ལུས་རྩལ་པ་184འགྲན་བསྡུར་ནང་ཞུགས་པ་དང་འགྲན་ཡུན་ཉིན་5ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།