དུས་ཚིགས་གསུམ་པའི་དུས་མཇུག་བར་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་དངུལ་བུན་དུས་མཚུངས་ལས་15.7%འཕར་བ།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་2026ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་དངུལ་ལོར་སྲིད་ཇུས་ཀྱི་ལག་བསྟར་སྙན་ཞུ་ལས་མངོན་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ཟླ་དགུ་པའི་ཟླ་མཇུག་ཏུ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་ཚད་དང་ཁྱབ་ཆེའི་དངུལ་ལོར་མཁོ་སྤྲོད་བྱེད་ཚད་དུས་མཚུངས་ལས་7.1%དང་7.2%སོ་སོར་འཕར་ཡོད། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་པོ་ཡིན་པ་དང་། ཟླ་9པར་ཁེ་ལས་ལ་བཏང་བའི་དངུལ་བུན་གསར་པའི་སྐྱེད་ཚད་3.0%ལས་དམའ་བ་ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཙམ་གྱིས་དམའ་བ་ཡོད་པ་རེད། མི་སྒེར་ལ་བཏང་བའི་སྡོད་ཁང་དངུལ་བུན་གསར་པའི་སྐྱེད་ཚད་3.1%དེ་ལོ་གོང་མའི་དུས་མཚུངས་དང་སྤྱིར་ན་མཉམ་ཡོད། དེ་དང་ཆབས་ཅིག ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཟླ་དགུ་པའི་ཟླ་མཇུག་བར། ཚན་རྩལ་དངུལ་བུན་དང་། ལྗང་མདོག་དངུལ་བུན། ཀུན་ཕན་དངུལ་བུན། རྒན་གསོའི་ཐོན་ལས་དངུལ་བུན། གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་དངུལ་བུན་བཅས་དུས་མཚུངས་ལས་12.0%དང་། 13.0% 6.5% 16.2% 15.7%སོ་སོར་འཕར་ནས་དངུལ་བུན་ཡོངས་ཀྱི་འཕར་ཚད་ལས་རྒྱུན་མཐུད་མཐོ་བ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།