གྲོང་གསེབ་ཏུ་རིག་གནས་ཆེད་མངགས་པ་སླེབས་པ།
མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེན་ཅུན་རྩྭ་ཐང་གི་སྤང་ཁ་སེར་པོར་གྱུར་པ་དང་། སྦྲ་གུར་ཞིག་གི་ནང་རིག་གནས་ཆེད་མངགས་པ་ལི་ཧྲན་ཡོན་དཀྱིལ་ཀྲུང་དུ་བསྡད་དེ་པར་ཆས་འབྲོག་པ་ཚོར་བསྟན་ནས“ལྟོས་དང་། དབྱིའི་རྣ་ཅོག་ཡར་ལ་འགྲེངས་དུས་པར་རྒྱག་དགོས”ཞེས་བཤད། ལོ་གཅིག་རིང་ཁོང་གིས་པར་ཆས་ཁུར་ནས་གྲོང་རྡལ་10ལྷག་ཙམ་གྱི་སྦྲ་གུར་དང་བདག་སྐྱོང་ས་ཚིགས་སུ་བསྐྱོད་དེ། གོ་དཀའ་བའི་པར་ཆས་ཀྱི་དཔྱད་གྲངས་དག་འབྲོག་པར་སྐད་སྒྱུར་བྱས་ནས་པར་ལེན་སྤེལ་རེས་ཚོགས་པ་བཙུགས་པ་རེད། འབྲོག་པ་དང་སྐྱེ་ཁམས་བདག་སྐྱོང་བ་300ལྷག་ཙམ“པར་རྒྱག་མཁན་ཕལ་པ”ཞིག་ནས་ཕ་ཡུལ་གྱི་མཛེས་སྡུག་པར་དུ་ལེན་མཁན“རྩྭ་ཐང་གི་པར་རྒྱག་མཁས་པར”གྱུར་པ་མ་ཟད། པར་རྒྱག་སློབ་ཚན་དེ་འབྲོག་པའི་སྦྲ་གུར་ནས་ས་མཐོའི་གྲོང་ཚོར་ཁྱབ་ཡོད་པ་རེད།
2025ལོ་ནས་བཟུང་། མཚོ་སྔོན་ཞིང་ཨུད་དྲིལ་བསྒྲཌ་པུས་སྤྱི་འདོམས་འདེམས་མངགས་བྱས་པའི་དཔུང་ཁག་ཅིག་མཚོ་སྔོན་གྱི་གྲོང་གསེབ་ཏུ་བསྐྱོད་ཅིང་། དེ་ཡང་མངོན་མིན་རིག་གནས་ཤུལ་བཞག་གི་རིཌ་གཅིག་མཁས་ཅན་དང་། རིག་རྩལ་འཁྲབ་ཁྲིད་པ། རོལ་དབྱངས་དགེ་རྒན་སོགས་ཆེད་ལས་ཤེས་ལྡན་པ་བརྒྱ་ལྷག་ཙམ་གྱིས་གཞུང་ལས་ཁང་ནས་ཐོན་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་དེ་སོ་སོའི་ལག་རྩལ་ལ་བརྟེན་ནས་གཙང་ཆུའི་འགོ་ཁུངས་ཀྱི་ས་གཞི་ཆེན་མོར་རིག་གནས་དང་དར་སྲོལ་གསར་པ་དར་སྤེལ་བཏང་ཡོད། རིག་གནས་ཆེད་མངཌ་པ་ཚོས་དགེ་ཕྲུག་ཁྲིད་ནས་ལག་རྩལ་བསླབས་ཏེ་དཔེ་མཛོད་ཁང་གི་ལས་མི་དང་། རོལ་དབྱངས་དགེ་རྒན། གཞས་མ་གཏམ་གྱི་རྐང་འཛིན་པ་བཅས་མང་པོ་འཚར་ལོངས་ཡོང་བར་བྱས་པས། ས་གནས་དེ་གའི་རིག་གནས་ཀྱི་སྟོབས་ཤུཌ་རིམ་བཞིན་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།