དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བརྙན་ཐུང་གིས་གོ་ལ་ཧྲིལ་པོའི་གཟིགས་མོ་བའི་མིག་དབང་རབ་ཏུ་འཕྲོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-15

    《AIཡིས་གོ་ལ་ཧྲིལ་པོའི་བརྙན་ཐུང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྙན་ཞུ》ལས་མངོན་པར།

    2025ལོར།

    གོ་ལ་ཧྲིལ་པོའི་བརྙན་ཐུང་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་ལ་སླེབས་པ།

    གོ་ལ་ཧྲིལ་པོའི་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་180ཙམ་ཟིན་པ།

    དེའི་ནང་ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་140ལྷག་ཙམ་ཟིན་པ་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་77.78%བཟུང་བ།

    ཀྲུང་གོ་ཕུད་པའི་རྒྱལ་སྤྱིའི་ཁྲོམ་རར་ཀྲུང་གོའི་ཁེ་ལས་ཀྱིས་ལེགས་སྐྱེས་འབུལ་ཚད་90%ཙམ་ཟིན་པ།

    《པེ་ཚང་གི་མེ་ཏོག་ལྡུམ་རའི་གསང་བ》ཞེས་པའི་བརྙན་ཐུང་ནང་གི་མཱ་ཏེར་གྱི་འདྲ་པར་ཡིན་པ།

    2026ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཚོང་དོན་ཚོང་འདུས་ཀྱི་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་དུ། བརྙན་ཐུང་དང་རང་རྒྱལ་གྱིས་བཟོས་པའི་ཀོ་ཕིག་སོགས་རིག་གནས་ཐོན་ལས་ཕྱི་རྒྱལ་དུ་གཏོང་བའི་གནས་ཚུལ་གཅིག་སྡུད་ཐོག་མངོན་པར་བྱས་པ།

    ཕྱི་རྒྱལ་གྱི་དྲ་གྲགས་རྒྱལ་སྤྱིའི་བརྙན་ཐུང་འགྲན་བསྡུར་སྐབས་གཉིས་པར་ཞུགས་སྐབས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ལང་ཀྲུང་གྲོང་ཁྱེར་དུ་བསྐྱོད་དེ་གསར་རྩོམ་བརྗོད་གཞི་འཚོལ་བསྡུའི་པར་ལེན་བྱེད་བཞིན་པ།

    ཨ་རིའི་དྲ་གྲགས་ཨའེ་ཝུན·ཁའེ་ཨེར(གཡས་ཀྱི་གཉིས་པ)གྱིས་ཀྲེ་ཅང་ཧེང་ཏེན་གློག་བརྙན་དང་བརྙན་འཕྲིན་གྲོང་དུ་དབྱིངས་ཞུགས་རྣམ་པའི་ཐོག་ནས་བརྙན་ཐུང་པར་ལེན་མྱོང་རོལ་བྱེད་བཞིན་པ།

    ཀྲེ་ཅང་ཅ་ཤིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བརྙན་ཐུང་ཐོན་སྐྱེད་ཀུང་སི་ཞིག་གི་ལས་དོན་མི་སྣས་བརྙན་ཐུང་འཁྲབ་གཞུང་ལེགས་རྩོམ་དང་AIདུས་མཇུག་སྒྲིག་བཟོ་སོགས་ཀྱི་ལས་དོན་སྒྲུབ་བཞིན་པ།

    ཨ་རིའི་དྲ་གྲགས་ཀྲུང་ཅ་རུའེ་ཡིས་བརྙན་ཐུང་འཁྲབ་གཞུང་གསར་རྩོམ་སློབ་ཚན་སྐབས་སློབ་ཁྲིད་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། དམིགས་བསལ་ནང་དོན་གྱི་ལེགས་ཆ་དང་ཚགས་ཚུད་པའི་ཐོན་ལས་མ་ལག་ལ་བརྟེན་ནས། ཀྲུང་གོའི་བརྙན་ཐུང་གོ་ལ་ཧྲིལ་པོར་མགྱོགས་མྱུར་སྐད་གྲགས་ཆོད་དེ་གྲངས་འཛིན་དུས་རབས་སུ་ཀྲུང་ཧྭའི་རིག་གནས་ཕྱི་རྒྱལ་དུ་དར་ཁྱབ་འགྲོ་བའི་གསོན་ཉམས་དོད་པའི་གཞི་རྟེན་དང་བརྒྱུད་སྤེལ་སྟོབས་ཤུགས་གསར་པར་གྱུར་ཡོད། ཧྥ་རན་སེ་དང་། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་མང་པོའི་གློག་བརྙན་བརྙན་འཕྲིན་ལས་དོན་པའི་གསར་རྩོམ་གྱི་ལག་ལེན་དང་ལས་རིགས་ལྟ་ཞིབ་ལས་མངོན་པར། ཀྲུང་གོའི་བརྙན་ཐུང་གིས་མིའི་རིགས་ཀྱི་ཐུན་མོང་གི་བརྩེ་སེམས་ལ་གཞི་ཚུགས་པ་དང་རང་ཡུལ་ཅན་གྱི་གསར་རྩོམ་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་གོ་ལ་ཧྲིལ་པོའི་རིག་གནས་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།