ཧྥེང་ཧོང་ལས་སྟེགས་སུ་ཁྱིམ་ཞེན་རྒྱལ་ཞེན་གྱི་བསྟོད་གླུ་བླངས།
དགུན་སྟོད་ཀྱི་ཤིན་ཅང་ཧ་སྨི་གྲོང་ཁྱེར་གྱི་ཧ་སྨི་གཙང་འགྲམ་དུ་གནས་པའི་ཙུའོ་ཀུང་རིག་གནས་ཁང་དུ་སྡོང་རྒན་མང་པོ་ཞིག་གི་ཡལ་ག་ལྗང་ནག་ཏུ་གྱུར་ཡོད། ཤིང་སྡོང་འོག་ཏུ་ཡུལ་སྐོར་བ་ཚོས་འཆད་འགྲེལ་པ་ཏི་ལི་ཉི་ཀར·ཨའེ་ཉི་ཝར་གྱིས་ཙུའོ་ཙུང་ཐང་གི་གཏམ་རྒྱུད་བཤད་པ་ཉན་ནས་ཁོང་གི་ཁྱིམ་ཞེན་རྒྱལ་ཞེན་མྱོང་ཚོར་བྱས་པ་རེད།
“ལོ་140ལྷག་ཙམ་གྱི་གོང་དུ། ཙུའོ་ཙུང་ཐང་ཧ་སྨི་རུ་བཅའ་སྡོད་བྱེད་པའི་ཉིན་162ཀྱི་ནང་མི་རིགས་ཁག་གི་དམག་དམངས་ཀྱི་སྣེ་ཁྲིད་དེ་ཆུ་ཡུར་བཟོས་པ་དང་དམག་སྡོད་ཞིང་འདེབས་དང་དར་ཤིང་དང་རྒྱ་ལྕང་བཏབ་ཡོད། ད་ཆ་ཧ་སྨི་རུ་ཙུའོ་ཀུང་རྒྱ་ལྕང་2000ལྷག་ཙམ་ཉར་ཚགས་བྱས་པའི་ནང་ལོ་100ཡན་ཟིན་པའི་རྒྱ་ལྕང་200ལྷག་ཙམ་ཡོད་པ་དེ་ནི་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཡིན་པའི་ཙུའོ་ཀུང་རྒྱ་ལྕང་ནགས་ཚལ་ཞིག་རེད”ཅེས་ཏི་ལི་ཉི་ཀར་གྱིས་བཤད།
ཙུའོ་ཀུང་རིག་གནས་ཁང་སྒོ་ཕྱེ་ཚུན། རིམ་རྩིས་བརྒྱབ་ན་འཆད་འགྲེལ་ཉན་པར་ཡོང་མཁན་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་50ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཧ་སྨི་གྲོང་ཁྱེར་ཙུའོ་ཙུང་ཐང་རིག་གནས་ཞིབ་སྦྱོང་ཁང་གི་ཀོན་ཀྲང་གཞོན་པ་ཝང་ཧའོ་ཕུང་གིས། 2024ལོ་ནས་བཟུང་ཧ་སྨི་གྲོང་ཁྱེར་གྱིས་སློབ་གསོའི་ཁོངས་གཏོགས་སུ“ཙུའོ་ཀུང་རྒྱ་ལྕང”ཞེས་པའི་བསམ་བློ་ཆབ་སྲིད་ཀྱི་ཞིབ་སྦྱོང་བྱེད་སྒོ་སྤེལ་བ་དེ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ལས་རིགས་སློབ་གླིང་དང་སློབ་གྲྭ་ཚང་མར་རིམ་བཞིན་ཁྱབ་སྤེལ་བཏང་ཞིང་། མིག་སྔར་ཁྱབ་ཚད་60%ཟིན་ཡོད་ཅེས་བཤད་པ་རེད།
མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ལོ་རྒྱུས་མཉམ་འདྲེས་བྱུང་ཞིང་། ཙུའོ་ཀུང་རིག་གནས་ཁང་ནས་དོན་ཏེ་མི་རིང་བའི་ས་ནི་ཧྥེང་ཧོང་ལས་སྟེགས་རེད། 1880ལོར། ཙུའོ་ཙུང་ཐང་གིས་སྒར་ཆེན་དེ་རང་བྱུང་གི་མཐོ་སྒང་ལ་བཙུགས་པ་དང་། ད་ཆ་དེ་ནི་ཙུའོ་ཙུང་ཐང་གི་ཧྥེང་ཧོང་ལས་སྟེགས་ལོ་རྒྱུས་རིག་གནས་སྤྱི་གླིང་ཡིན་པ་དང་། ན་ནིང་ཟླ་དྲུག་པར་སྒོ་ཕྱེ་ཡོད། མཐོ་ཚད་སྨི་27ཡོད་པའི་ས་སྟེང་བླ་མེད་མཆོད་རྟེན་ནི་དེ་སྔའི་ཏ་ཡིང་མོན་གྲོང་ཚོའི་ས་མཚམས་སུ་བཞེངས་ཡོད་པ་དང་སྟོང་གསལ་མཆོད་རྟེན་ཐོག“ཁྱིམ་ཞེན་རྒྱལ་ཞེན། སོ་ནམ་ཐོས་བསམ། སློབ་གཉེར་རྒྱལ་སྐྱོང་། དམངས་ཆེད་སྤྱོད་གཙང”ཞེས་པའི་རྒྱ་ཡིག་ཡིག་འབྲུ་16བཀོད་ཡོད། མཆོད་རྟེན་གྱི་གཤམ་ལ་རྒྱུན་གཏན་ཅན་གྱི་སྒོ་དབྱེའི་རིག་གནས་བསམ་བཀོད་ཀྱི་ཚོང་འདུས་གཉེར་བ་དང་དེ་ནས་དེ་སྔའི“སྒར་ས་ཆེ་མོར་སྐྱོད་པའི”རྣམ་པ་སླར་ཡང་མངོན་བཞིན་ཡོད།
ཧ་སྨི་གྲོང་ཁྱེར་ཙུའོ་ཙུང་ཐང་སློབ་ཆུང་གིས་ཙུའོ་ཀུང་གི་བྱས་རྗེས་དེ་སློབ་གྲྭ་དེའི་རྒྱུན་གཏན་སློབ་ཁྲིད་ནང་བཅུག་ཡོད། ལོ་རིམ་དང་པོ་དང་གཉིས་པའི་སློབ་མས《ཙུའོ་ཀུང་རྒྱ་ལྕང་གི་ངག་རྒྱུན》ཡུལ་རྣམ་ཟློས་གར་འཁྲབ་སྦྱོང་བྱས་པ་དང་། ལོ་རིམ་གསུམ་པ་དང་བཞི་པའི་སློབ་མས“སྐེ་དར་དམར་པོའི་འཆད་འགྲེལ་པའི”འགན་འཁུར་འགོ་ཚུགས་པ། ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་རྒྱུན་གཏན་ཅན་གྱི་ཐོག་ནས་ཙུའོ་ཀུང་རིག་གནས་ཁང་དུ་བསྐྱོད་དེ་རྒྱལ་གཅེས་ཀྱི་སྙིང་སྟོབས་གཞོན་ནུ་ལོ་ཆུང་གི་སེམས་སུ་བརྟན་པོར་ཟུག་པ་དང་རྒྱུན་འཛིན་ཐུབ་པ་བཅས་བྱས་པ་རེད།
ད་ལོའི་ཟླ་4པར། ཧྥུའུ་ཅན་གྱི་ཧྥུའུ་ཀྲོའུ་དང་། ཐེན་ཅིན། ཤིན་ཅང་དབྱི་ལི་དང་། ཧོ་ཐེན། ཁ་ཧྲི། ཝུའུ་ལུའུ་མུའུ་ཆི། ཧ་སྨི་བཅས་ཀྱི་འཐུས་མི་ཧྥེང་ཧོང་ལས་སྟེགས་སྤྱི་གླིང་དུ་འཛོམས་ནས་རང་སོ་སོས་ཁྱེར་ཡོང་བའི་ས་རྒྱུ་མཉམ་དུ་འདུས་ནས་ལོ་བརྒྱའི་ཙུའོ་ཀུང་རྒྱ་ལྕང་གི་ཡལ་ག་ནས་སྐྱེད་སྲིང་བྱས་པའི་རྒྱ་ལྕང་གསར་པ་འཛུགས་པ་དང་། ཤིང་སོན་གསར་པ་དག་ལ“སེམས་མཐུན་རྒྱ་ལྕང”ཞེས་འབོད་ཀྱི་ཡོད་པ་རེད།
རྒྱ་ལྕང་ཞིག་གིས་བར་ཐག་ལེ་དབར་སྟོང་གིས་ཆོད་པའི་གྲོང་ཁྱེར་མཉམ་དུ་འབྲེལ་བ་དང་། མིང་གཅིག་གིས་མི་རིགས་མི་འདྲ་བའི་མི་རྣམས་ཤིང་སྡོང་གཅིག་གི་འོག་ཏུ་འཛོམས་པར་བྱས།
སྔོན་ཆད། ཙུའོ་ཙུང་ཐང་གིས་ཐད་ཀར་ནུབ་ཕྱོགས་སུ་བསྐྱོད་དེ་དར་ཤིང་དང་རྒྱ་ལྕང་བཏབ་ནས་མི་རབས་རྗེས་མར་ཕན་བདེ་བསྐྲུན་ཡོད། ད་ཆ། མི་རྣམས་ཀྱིས་ལྗོན་ཤིང་མཐོང་དུས་དྲིན་ཅན་དྲན་ནས། མི་རིགས་ཀྱི་དཔའ་བོ་དེའི་རྒྱལ་ཞེན་ཁྱིམ་ཞེན་ལ་དད་གུས་ཞུ་བཞིན་ཡོད། ཧ་སྨི་གཙང་འགྲམ་དུ་ཙུའོ་ཀུང་རྒྱ་ལྕང་གསར་པ་2000ལྷག་ཙམ་ལ་ཡལ་འདབ་གསར་པ་རྒྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཚོས་ཡལ་འདབ་གསར་པ་དེ་དག་མུ་མཐུད་ས་གཞིར་འཛུགས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།