ཟླ་དང་པོ་ནས་དགུ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་3.9%འཕར་བ།
ཟླ་དང་པོ་ནས་དགུ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་80734ཟིན་པ་དེ་དུས་མཚུངས་ལས་3.9%འཕར་ཡོད་པ་རེད།
ཟླ་9པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8997ཟིན་པ་དེ་དུས་མཚུངས་ལས་1.2%འཕར་ཞིང་། ཐོན་ལས་ཕྱེས་ནས་གློག་སྤྱོད་ཚད་ལ་བལྟས་ཚེ། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་135ཟིན་པ་དེ་དུས་མཚུངས་ལས་4.1%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5800ཟིན་པ་དེ་དུས་མཚུངས་ལས་1.7%འཕར་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5751ཟིན་པ་དེ་དུས་མཚུངས་ལས་1.8%འཕར་བ་དང་། ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1167ཟིན་པ་དེ་དུས་མཚུངས་ལས་4.6%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1852ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བའི་ནང་གློག་གསོག་དང་གློག་རྫས་བརྗེ་བའི་ཞབས་ཞུའི་ལས་རིགས་དང་མཉམ་སྦྲེལ་དྲ་རྒྱའི་གྲངས་གཞིའི་ཞབས་ཞུའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་168དང་ཆུ་ཚོད་ཆན་ཝ་དུང་ཕྱུར་98སོ་སོར་ཟིན་ནས་འཕར་ཚད་57.0%དང་35.4%སོ་སོར་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།