ཆན་ཝ་ཁྲི་10ཟིན་པའི་ཚྭ་བཞུའི་མཐོ་ལྕོག་རྣམ་པའི་འོད་དྲོད་གློག་གཏོང་རྣམ་གྲངས་དྲ་སྦྲེལ་ཐུབ་པ།

ཉེ་ཆར། ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཧྥུའུ་ཁང་གྲོང་ཁྱེར་དུ་གནས་པའི་ནུས་མང་གསབ་རེས(ནུས་རྒྱུ་གསར་པའི་ཁྲོམ་ར་ཅན་གྱི་དྲ་སྦྲེལ)རྣམ་གྲངས་དང་ལུའུ་ནེང་ཧྥུའུ་ཁང་གི་ཆན་ཝ་ཁྲི་10ཟིན་པའི་ཚྭ་བཞུའི་མཐོ་ལྕོག་རྣམ་པའི་འོད་དྲོད་གློག་གཏོང་ནུས་གསོག་རྣམ་གྲངས་དྲ་སྦྲེལ་འཁོར་སྐྱོད་བྱས་པ་རེད། འཁོར་སྐྱོད་བྱས་རྗེས། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.2ཙམ་ཟིན་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་4ཙམ་གྲོན་ཆུང་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།