ཐེན་ཅིན་གྱིས་མྱུར་སྐྱེལ་བའི་ཆེད་གཏོགས་རེ་ཞུའི“ཐད་གཏོང་རླངས་འཁོར”ཤར་གཏོང་བྱས་པ།
ཉེ་ཆར། ཐེན་ཅིན་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་བསྐྲུན་པའི“12351”མྱུར་སྐྱེལ་བའི་རེ་ཞུའི“ཐད་གཏོང་རླངས་འཁོར”ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ནས། ཐེན་ཅིན་གྲོང་ཁྱེར་གྱི་རྒྱ་ཆེའི་མྱུར་སྐྱེལ་བ་ཚོར་ཆེད་གཏོགས་རེ་ཞུ་དང་། ཁེ་དབང་སྲུང་སྐྱོང་། དཀའ་ངལ་སེལ་བ་བཅས་ཀྱི་ཐོགས་མེད་བགྲོད་ལམ་བཏོད་ཡོད།
མྱུར་སྐྱེལ་བའི་རེ་ཞུའི“ཐད་གཏོང་རླངས་འཁོར”ལས་སྟེགས་དེ་ཉིད་ངལ་རྩོལ་གླ་ཆ་འགྱངས་ཆད་དང་། ལས་རྨས་ལས་འཛོལ་གཏན་འཁེལ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གོང་ཞུ། ངལ་རྩོལ་གྱི་རྩོད་གཞི་འདུམ་འགྲིག ལས་སྟེགས་ཀྱིས་ལས་མི་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་རེ་ཞུ། བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་སོགས་ཐོན་མང་བའི་རིགས་ཆེན་པོ་དྲུག་གི་གཙོ་གནད་རེ་ཞུར་དམིགས་ཡོད། ཆེད་གཏོགས་བགྲོད་ལམ་དེ་གདུབ་ཟུམ་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ་ཐོ་འགོད་བདག་སྤྲོད་དང་། མངག་ཐོ་ཞིབ་བཤེར། དུས་བཀག་ལྟར་སྒྲུབ་གཉེར། འཚམས་ལན་ལྟ་སྐུལ་སྒྲུབ་གཉེར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་དོ་དམ་བྱས་ཏེ་རེ་ཞུ་གནད་སྨིན་བསྡུ་ལེན་དང་། རིགས་དབྱེ་མངགས་སྐྱེལ། ཆེད་ལས་ཐག་གཅོད་བཅས་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།