ཁྲེང་ཏུར་དྲ་འབོད་སྤྱི་སྤྱོད་རླངས་འཁོར་དངོས་སུ་གཏོང་འགོ་ཚུགས་པ།
ཉེ་ཆར། འཁོར་སྐྱོད་ཚོད་ལྟ་བྱས་པ་བརྒྱུད། སི་ཁྲོན་ཁྲེང་ཏུའུ་སྤྱི་སྤྱོད་རླངས་འཁོར་གྱི“ཁྲེང་ཏུའུeདྲ་འབོད”ཀྱི་དྲ་འབོད་སྤྱི་སྤྱོད་རླངས་འཁོར་ཁྲེང་ཏུའུ་ཤིན་ཁྲོན་ཡུག་ཁུལ་དུ་གཏོང་འགོ་ཚུགས་པ་རེད། ཞབས་ཞུའི་དུས་མཚམས་ནི་ཉིན་རེའི་ཆུ་ཚོད་7དང་སྐར་མ་30ནས་ཆུ་ཚོད་21བར་ཡིན་པ་དང་། སྤ་སེའི་རིན་གོང་སྒོར་2ཡིན་པ་རེད།
དྲ་འབོད་སྤྱི་སྤྱོད་རླངས་འཁོར་གྱིས“ས་ཁོངས་གཏན་འཁེལ་དང་། ལམ་ཐིག་གཏན་འཁེལ་མེད་པ། མངགས་ཐོ་ལྟར་གཏོང་བ” བཅས་ཀྱི་དང་ལེན་རྣམ་པའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་རང་འགུལ་ངང་མངགས་ཐོའི་ནང་གི་ཁ་ཕྱོགས་གཅིག་མཚུངས་ཡིན་པ་དག་ཆ་འགྲིག་དང་། ལམ་ཐིག་སྟབས་བསྟུན་གྱིས་འཆར་འགོད། རིམ་པ་བཞིན་འགྲུལ་པ་བསུ་སྐྱེལ་བཅས་བྱེད་ཀྱི་པས། འགྲོ་ལམ་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད། དྲ་འབོད་སྤྱི་སྤྱོད་རླངས་འཁོར་ཚོད་ལྟ་བྱེད་རིང་འགྲུལ་པས་དྲ་ཐོག་ནས་མངགས་ཐོ་བཟོས་རྗེས་ཆ་སྙོམས་སྐར་ཆ་40ཙམ་ནང་དང་ལེན་ཐུབ་པ་དང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་3ལྷག་ཙམ་ལ་ཞབས་འདེགས་ཞུས་ཟིན་པ་རེད།
འབྲེལ་ཡོད་གསར་འགྱུར།