ཉལ་ཁང་རྙིང་པ་སྒྱུར་བཀོད་བྱས་ནས་མངག་ཚོང་སྐྱེལ་མཁན་ལ་ཉལ་ཁང་སྤྲད་པ།
ཁྲུང་ཆིན་གྱི་གྲུ་ཁ་ཆེན་པོ་ཆུས་ཀྱི“མཛའ་གྲོགས་སྤྱི་ཤག”ཏུ་སྐྱོད་སྐབས། དེའི་ནང་གོས་སྒམ་དང་། སྒྲོག་ཙེ། གསང་སྤྱོད། ཁྲུས་ཁང་བཅས་གང་དགོས་ཅི་འཛོམས་ཡོད་ལ། མངག་ཚོང་སྐྱེལ་མཁན་ཅང་ཐེན་པོ་ཡིས་རྡོག་ཁྲེས་ཕབ་ནས་ཐད་ཀར་དེ་གར་སྡོད་པའི་འགྲོ་ལུགས་གཉེར།
སྤྱི་ཤག་དེ་ནི་དེ་སྔ་ཁྲུང་ཆིན་ངར་ལྕགས་བཟོ་གྲྭའི་ཉལ་ཁང་ཡིན་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། གྲུ་ཁ་ཆེན་པོའི་ཆུས་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུས་འབྲེལ་ཡོད་ཁེ་ལས་ཀྱི་སྣེ་ཁྲིད་དེ། གནས་སྡོད་དང་། ལས་སྒྲུབ། ལས་གཏོད་བཅས་གཞི་གཅིག་ཏུ་འདུས་པའི་ལས་ཤག་ཅིག་ཏུ་སྒྱུར་བཀོད་རིམ་སྤོར་བྱས་པ་རེད། མིག་སྔར། སྤྱི་ཤག་དེར་མི་600ལྷག་ཙམ་སྡོད་ཀྱི་ཡོད་པ་དང་གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིས་བརྒྱ་ཆ་བདུན་ཅུ་ལྷག་ཙམ་བཟུང་ཡོད།
“ང་ཚོས་ལས་ཞུགས་ཚོགས་སྤྱི་གསར་པར་སྡོད་ས་ཡོད་པ་བྱེད་དགོས་པ་མ་ཟད། ད་དུང་ཁོང་ཚོ་ཡག་པོ་སྡོད་ཐུབ་པ་བྱེད་དགོས”ཞེས་གྲུ་ཁ་ཆེན་པོའི་ཆུས་ཀྱི“མཛའ་གྲོགས་སྤྱི་ཤག”གི་འགན་འཁུར་བ་སུའུ་ཅ་ཁི་ཡིས་བརྗོད། ལས་ཞུགས་ཚོགས་སྤྱི་གསར་པའི་འཚར་ལོངས་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དེ་གར་དུས་བཀག་ལྟར་བརྗོད་དོན་གཙོ་བོའི་མགྲོན་གཏུག་ཁང་དང་ཆེད་དོན་ལས་བསྡུའི་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་རིགས་འཆར་འགོད་དང་ལས་ཞུགས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། སྤྱི་ཤག་ནང་ད་དུང་མཉམ་སྤྱོད་རོགས་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་ཉེ་འཁོར་གྱི་ཚོང་དུད་དང་མཉམ་དུ་སྐར་གསོག་ལྕག་སྐུལ་ལམ་སྲོལ་བཙུགས་ཡོད་པས། དེར་སྡོད་མཁན་གྱིས་ཞབས་ཞུར་བརྟེན་ནས་སྐར་མ་གསོག་ཆོག་པ་མ་ཟད། ད་དུང་སྐར་མ་དང་ཅ་དངོས་བརྗེ་པོ་རྒྱག་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།