ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་དང་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་ཡིན་པ།
ཟླ་11ཚེས་13ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཟླ་11ཚེས་18ཉིན་དང་ཚེས་19ཉིན་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་ཞིང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་ཀྱང་གནང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཟླ་11ཚེས་17དང་18ཉིན་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་ཞིང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཐུན་མོང་ཐོག་དར་རྒྱས་ལ་སྐུལ་འདེད་དང་ཐུན་མོང་ཐོག་འབྱུང་འགྱུར་ལ་ཕན་པ་བསྐྲུན”ཞེས་པ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་རྒྱུ་རེད།
ཚོགས་འདུའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཚོགས་ཞུགས་ཀྱི་དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མིར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམ་རྒྱུ་མ་ཟད། ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ཕྱོགས་གཉིས་པོའི་ཞལ་འཛོམས་ཀྱང་གནང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།