དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།

    ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་ཧའོ། ཀྲང་ཁྲེས།   |     སྤེལ་དུས།  2026-11-14

    2025ལོའི་ཟླ་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་དུ་མི་རིགས་མང་པོ་འདུས་སྡོད་བྱེད་ཀྱི་ཡོད་པས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བའི་ལག་ལེན་ཐབས་ལམ་རྒྱ་ཆེར་བཏང་བ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ལ་སྔར་བས་བཀྲག་མདངས་འཚེར་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

    ཡུན་ནན་ཕུའར་གྲོང་ཁྱེར་ཉིང་ཨེར་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་རྫོང་གི་མི་རིགས་མཐུན་སྒྲིལ་གླིང་དུ་འོས་འགན་དང་བླངས་གསལ་འགྲེལ་བ་ཧྥང་ཚའེ་པིང་གིས་ཡུལ་སྐོར་བར་མི་རིགས་མཐུན་སྒྲིལ་མནའ་ཚིག་རྡོ་རིང་སྐོར་གྱི་གཏམ་རྒྱུད་བརྗོད་བཞིན་ཡོད་ཅིང་། ཁོང་གིས“ང་ཚོས་མི་རབས་ནས་མི་རབས་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བློ་ལ་བརྟན་པོར་འཛུཌ་དགོས”ཞེས་བཤད།

    མི་རིགས་མཐུན་སྒྲིལ་མནའ་ཚིག་རྡོ་རིང་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉིང་ཨེར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྲོལ་ཡིག་བཏོན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ཡོད། མིག་སྔར་ཡུན་ནན་དུ་ལག་ལེན་བསྟར་བཞིན་པའི་ཞིང་ཆེན་རིམ་པའི་མི་རིགས་ལས་དོན་སྐོར་གྱི་ས་གནས་རང་བཞིན་གྱི་གོ་ཆོད་ཁྲིམས་སྲོལ་10དང་། རང་སྐྱོང་སྲོལ་ཡིག་37 ཁེར་སྤྱོད་སྲོལ་ཡིག་180བཅས་ཡོད།

    ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། “ཡུན་ནན་དར་རྒྱས་དང་མཐའ་མཚམས་བརྟན་ལྷིང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁུལ”འཛུགས་པར་སྐུལ་འདེད་ཆད་མེད་བཏང་སྟེ། པའོ་ཧྲན་ཐེང་ཁྲུང་གྲོང་ཁྱེར་དུ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཁྱིམ་ཚང་དང་སྒོ་རར་ཁྱབ་པར་བྱས་ལ། ཧུང་ཧོའི་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་ཧོ་ཁོའུ་རྒྱལ་སྒོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འདི་ཉིད་མཐའ་མཚམས་མང་ཚོགས་ཀྱིས་མཉམ་དུ་སྤྱོད་པའི་བསམ་པའི་ཁྱིམ་གཞིས་ཤིག་ཏུའང་འགྱུར་བར་བྱས་ཡོད།

    མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བའི་ལག་ལེན་ཐབས་ལམ་རྒྱ་ཆེར་བཏང་བ།

    སྒོ་ར་གཅིག་ནང་མཉམ་དུ་འཚོ་བ་བསྐྱལ་བས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། ཡུན་ནན་གྱིས《“མཛེས་མཐུན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཉམ་འདྲེས་རྣམ་པའི་སྡེ་ཁུལ་འཛུགས་སྐྱོང་གི་ལས་ཀའི་ཕྱོགས་སྟོན་སྒྲིག་སྲོལ》བཟོས་ནས་བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཐད་མི་རིགས་ཁག་གི་མང་ཚོགས་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཡོད།

    ཤིས་ཧྲོང་པན་ན་ཀྲོའུ་ཅིང་ཧུང་གྲོང་ཁྱེར་ཀ་ཏུང་ཁྲོམ་གཞུང་དབན་ཅིང་སྡེ་ཁུལ་དུ་གྲོང་མི་ཁྲི་2ལྷག་ཙམ་ཡོད་པའི་ཁྲོད་མི་རིགས་མི་འདྲ་28ཡོད་པ་ནས་དུས་ཐུང་གནས་སྡོད་བྱེད་མཁན་གྱིས་85%ཙམ་བཟུང་ཡོད། སྡེ་ཁུལ་གྱིས“གྲོང་མིའི་དོན་གྲོས་ཁང”སོགས་ཀྱི་ལས་སྟེགས་བརྒྱུད་གྲོང་མིའི་དབར་འབྲེལ་གཏུག་དང་གྲོས་མོལ་ལ་སྐུལ་འདེད་བཏང་ནས་དུས་ཐུང་གནས་སྡོད་བྱེད་མཁན་གྱི་གྲོང་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཡོད།

    ཡུན་ནན་གྱིས“ཡུན་ནན་དུ་བྱེས་སྡོད་ཡུལ་སྐོར”གྱི་སྤུས་རྟགས་ཟམ་མི་ཆད་པར་བཏོད་དེ་མི་རིགས་གྲོང་སྡེ་1000ཡུལ་སྐོར་རིམ་སྤོར་གྱི་དཔེ་སྟོན་གྲོང་ཚོར་བསྐྲུན་པར། རིམ་རྩིས་བརྒྱབ་ན“མཛེས་མཐུན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཉམ་འདྲེས་རྣམ་པའི་སྡེ་ཁུལ་501བསྐྲུན་པར་རྒྱབ་སྐྱོར་བྱས་པས་མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བའི་ལག་ལེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ།

    ཐོ་རེངས་སུ་འཇང་རི་སྨུག་པོའི་མཛེས་ལྗོངས་ཁུལ་གྱི་ཡུན་ཧྲན་ཕིང་འབབ་ཚུགས་འོག་མར། ས་དམ་དམར་མདངས་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་དབྱིས་རིགས་ཀྱི་ལས་བཟོ་བ་མའོ་ཞུའེ་ཧྭ་ཡིས་ལྗོངས་འཁོར་ལ་སྐྱོན་ཡོད་མེད་ལྟ་བཞིན་ཡོད་ཅིང་། ཁོང་གི་ཁྱིམ་ནི་དེའི་འཁྲིས་ཀྱི་ཅཱ་ཙེ་སྡེ་ཁུལ་དུ་ཡོད། ཁོང་གིས“ད་ཆ་ཐག་ཉེ་སར་ལས་ཞུགས་ཐུབ་པ་མ་ཟད། འཚོ་བའང་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་གི་འདུག”ཅེས་བཤད།

    དེ་ནི་ཞིང་ལས་ལ་ཕན་འདོགས་པའི་འཇང་རི་སྨུག་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྲིད་ཇུས་ལས་བྱུང་ཡོད། ད་ཆ་དམར་མདངས་ཀུང་སིའི་ལས་བཟོ་བ་མང་ཆེ་བ་ནི་ས་གནས་དེ་གའི་གྲོང་མི་ཡིན་པའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་བས་80%བཟུང་ཡོད། “ཚང་མ་མཉམ་དུ་ལས་ཀ་བྱེད་པ་དང་། མཉམ་དུ་ཟ་མ་བཟའ་བ། སེམས་ཤུགས་གཅིག་སྒྲིལ་གྱིས་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱས་ཚེ་གཞི་ནས་སེམས་ཐག་ཉེ་རུ་འགྲོ་ཐུབ”ཅེས་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་ཡུན་ཧྥུང་གིས་བཤད།

    ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“རྫོང་རེར་ཐོན་ལས་རེའི”དཔེ་སྟོན་རྫོང་འཛུགས་གཏོད་ལ་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཤང་དང་གྲོང་རྡལ་དང་དཔེ་སྟོན་གྲོང་ཚོར“གྲོང་ཚོ་རེར་སྤུས་རྟགས་རེ་དང་ཤང་རེར་ཐོན་ལས་རེའི”ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཞི་རྩའི་ཆ་ནས་ཆགས་ཏེ། མེ་ཏོག་སོས་པ་དང་། ཇ་ལོ། ཀོག་ཧྥེ། ཨོ་སི་ཁྲུ་ལི་ཡའི་ཤིང་ཏོག་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཐུབ་ཡོད།

    མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཤིང་། ཡུན་ནན་གྱིས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བ་དང་། དམངས་འཚོར་བརྟེན་ནས་མཐའ་མཚམས་ལ་ཕན་འདོགས་པ། ཁོར་ཡུག་གིས་མཐའ་མཚམས་མཛེས་པར་བརྒྱན་པ། མཐུན་སྒྲིལ་གྱིས་མཐའ་མཚམས་འཆམ་མཐུན་ཡོང་བ། མཐའ་མཚམས་བརྟན་པོར་བསྲུངས་ནས་དུས་བདེ་ཡོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་འདུ་འགོད་ཁག་6ལག་ལེན་བསྟར་ཏེ“སྒོ་ཁའི་ལས་གཉེར་འཁོར་ཁང”མགྱོགས་མྱུར་བསྐྲུན་ཡོད། 2025ལོའི་ལོ་མཇུག་བར། ཡུན་ནན་གྱི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་374ཚང་མ་མཐའ་མཚམས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་ཚོར་བསྐྲུན་ཟིན་པ་དང་། མཐའ་མཚམས་གྲོང་ཚོའི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.4ལྷག་ཙམ་ཟིན་ཡོད།

    གངས་རིའི་འདབས་ནས་ཇ་འདེབས་སའི་བར་དང་མཐའ་མཚམས་གྲོང་སྡེ་ནས་གྲོང་ཁྱེར་གྱི་སྡེ་ཁུལ་བར། ཡུན་ནན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་བློ་སེམས་གཅིག་མཐུན་གྱི་སྒོ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་བརྗིད་ཆེའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།