ཀུའེ་ཀྲོའུ་ལེ་ཧྲན་དུ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་མེའོ་རིགས་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་པ།

འདི་ནི་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་མེའོ་རིགས་མང་ཚོགས་ཀྱིས་སྐོར་སྐྱོད་འགྲེམས་འཁྲབ་བྱེད་བཞིན་པ།
ཟླ་11ཚེས་12ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལེ་ཧྲན་རྫོང་གིས་མེའོ་རིགས་ཀྱི་ལོ་གསར་ལ་མངོན་མིན་རིག་གནས་ཤུལ་བཞག་གི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་། མེའོ་རིགས་ཀྱི་མང་ཚོགས་ཁྲི་ཁ་ཤས་ལེ་ཧྲན་རྫོང་གྲོང་དུ་འཛོམས་ནས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྐོར་སྐྱོད་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ལུའུ་ཧྲེང་གླིང་བུའི་གླུ་ཤགས་སོགས་ཀྱི་རྣམ་པའི་ཐོག་ནས་དུས་ཆེན་དགའ་གཏོང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།