ཧོ་པེ་ཀྲུའོ་ཀྲོའུ་རུ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་བཏང་བ།

འདི་ནི་ཧོ་པེ་ཀྲུའོ་ཀྲོའུ་གྲོང་ཁྱེར་དབྱི་ཧོ་ཀྲོང་གྲོང་རྡལ་ཐའོ་ཡིང་ལྟེ་བའི་སློབ་གྲྭར་དམངས་ཁྲོད་སྒྱུ་རྩལ་པས་སློབ་མ་ཚོར་རི་མོ་འབྲི་སྟངས་སློབ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྒོང་བརྐོས་དང་ཀྲའོ་ཚང་གི་ལག་བཟོས་གླིང་བུ་སོགས་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་བཏང་སྟེ། གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་རིག་གནས་ཉམས་ལེན་གཏིང་ཟབ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།