དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀུའེ་ཀྲོའུ་རུང་ཅང་གིས་ཕྱི་ཕྱོགས་ཚོང་དོན་གྱི་རྐང་རྩེད་སྤོ་ལོ་བྲེལ་བརྩོན་ཆེན་པོས་བཟོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-14

    འདི་ནི་ཟླ་11ཚེས་12ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཀྲོའུ་རུང་ཅང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀུའེ་ཀྲོའུ་ལུས་རྩལ་མཁོ་ཆས་རྩེ་གྲ་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་བཟོ་པས་རྐང་རྩེད་སྤོ་ལོ་ཐོན་སྐྱེད་བྱེད་བཞིན་པ།

    ཟླ་11ཚེས་12ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཀྲོའུ་རུང་ཅང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀུའེ་ཀྲོའུ་ལུས་རྩལ་མཁོ་ཆས་རྩེ་གྲ་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཤིང་། བཟོ་པ་ཚོས་པར་ཙིར་དུ་བསྐུར་རྒྱུའི་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོའི་རྐང་རྩེད་སྤོ་ལོ་ཐོན་སྐྱེད་མགྱོགས་པོ་བྱེད་བཞིན་ཡོད་པ་རེད། “གྲོང་གྲུག”གི་IPཡི་སྐད་གྲགས་ལ་བརྟེན་ནས་འདི་ལོའི་ཟླ་10པར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ཁེ་ལས་དེས་ཕྱི་རྒྱལ་གྱི་མངགས་ཐོ་མང་པོ་ཞིག་བླངས་ཡོད་པས། ལས་ཕྱོད་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་དངོས་ཟོག་དུས་ཐོག་ཏུ་རྩིས་སྤྲོད་རྒྱུར་འགན་ལེན་གང་ཐུབ་བྱེད་བཞིན་ཡོད། རུང་ཅང་རྫོང་གིས་འགྲན་བསྡུར་གྱི་སྙན་གྲགས་ཐོན་ལས་ཀྱི་སྒུལ་ནུས་སུ་བསྒྱུར་ནས་མང་ཚོགས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་བྱས་པ་དང་། “གྲོང་གྲུག”གི་རྐང་རྩེད་སྤོ་ལོ་རྒྱལ་སྤྱིའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།