ཀྲེ་ཅང་དབྱི་ཝུའུ་རུ་ཕྱི་རྒྱལ་གྱི་སློབ་མས་ཀྲུང་ལུགས་གསོ་རིག་གི་རིག་གནས་ལ་ཉམས་ལེན་བྱེད་པ།

ཟླ་11ཚེས་11ཉིན་ཕ་ཁི་སི་ཐན་དང་། སོ་ཏི་ཨ་རབ། ནི་ཀྲེ་རི་ཡ་སོགས་རྒྱལ་ཁབ་དགུ་ནས་ཡོང་བའི་ཀྲེ་ཅང་སློབ་ཆེན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མས་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་གི་རིག་གནས་ཉམས་ལེན་བྱས་པ་རེད། འདི་ནི་ཉིན་དེར་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ཀྲེ་ཅང་སློབ་ཆེན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མས་ཀྲུང་ལུགས་སྨན་རྫས་ཀྱི་སྨན་རྒྱུར་བྲོ་བ་མྱོང་བ་དང་དེའི་ཁྱད་ནུས་ཤེས་རྟོགས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།