ཅང་སུའུ་ལེན་ཡུན་ཀང་གྲུ་ཁར་རླངས་འཁོར་མགྱོགས་མྱུར་ཕྱིར་གཏོང་བྱེད་པ།

འདི་ནི་ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་དོན་ཡན་ལག་ཀུང་སིའི་གྲུ་ཁར་ཕྱིར་གཏོང་རླངས་འཁོར་གྲུ་གཟིངས་ནང་བླུག་བཞིན་པ།
ད་ལོ་ཚུན་དུ། ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁས་ཁྲོམ་རའི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་མཚོ་ལམ་བཀོད་པ་ལེགས་སུ་དང་ལས་སྒྲུབ་ལས་ཕྱོད་ཆེ་རུ་བཏང་བས། རླངས་འཁོར་ཕྱིར་གཏོང་བྱེད་ཚད་བརྟན་པོར་འཕར་བའི་རྣམ་པ་མངོན་ནས་རྒྱལ་ཐོན་རླངས་འཁོར་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲུ་གཟིངས་ནང་བླུགས་ནས་ཕྱིར་གཏོང་གི་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། འགག་སྒོ་ནས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་15.52%འཕར་ནས་ཐོན་ལས་འཕེལ་རྒྱས་ཀྱི་མཉེན་ཆ་དང་འཕར་ཤུགས་ཆེན་པོ་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།