དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ངོ་མཚར་ཆེ་བའི་ལུས་རྩལ་འགྲན་ཚོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-14

    འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་གིས“ལོ་ལེགས་བྱུང་བས་དགའ་སྤྲོ་ཆེ། ནུས་རྩལ་འགྲན་ནས་ཉམས་བཟང་ངོམས”ཞེས་པའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་རིག་གནས་དམངས་ཕན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།འགྲན་བསྡུར་རྣམ་གྲངས་དག་ཞིང་འབྲོག་པར་ཧ་ཅང་འཚམ་པོ་ཡོད་ཅིང་། ཐག་འཐེན་འགྲན་བསྡུར་ནི་ལུས་ཤུགས་འགྲན་པའི་རྣམ་གྲངས་ཤིག་ཡིན་པས། འགྲན་བསྡུར་བྱ་ཡུལ་དུ་ཕྱོགས་གཉིས་པོས་ཤུགས་ཡོད་ཚད་བརྒྱབ་ནས་ཐག་པ་འཐེན་པས་ཚང་མའི་སྤྲོ་སྣང་རབ་ཏུ་འཕེལ། འགྲན་བསྡུར་ལ་ལྟ་མཁན་ཡུལ་མི་ཚོ་ནི་དེ་བས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། ཁོང་ཚོས་རང་ཉིད་ཀྱི་རུ་ཁག་འགྲན་བསྡུར་ལས་རྣམ་པར་རྒྱལ་བར་དགའ་འབོད་བྱེད་ཀྱི་ཡོད་པས་འཁྲུག་ཆ་ཤིན་ཏུ་དོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།