དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2026ལོའི་བོད་ཀྱི་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་རྫས་རྩེ་གྲའི་འགྲེམས་འཚོང་ཚོང་འདུས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-14

    ཟླ་11ཚེས་12ཉིན། “བཀྲ་ཤིས་བདེ་ལེགས། སྐྱིད་པའི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་2026ལོའི་བོད་ཀྱི་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་རྫས་རྩེ་གྲའི་འགྲེམས་འཚོང་ཚོང་འདུས་དེ་ཁྲེང་ཏུའུ་ཁོན་ཀྲའེ་སྲང་ལམ་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་འཚོང་ཚོང་འདུས་ལ་བོད་ཀྱི་ས་གནས་ཁག་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། ས་མཐོའི་ཁྱད་ལྡན་ཐོན་རྫས་གྲགས་ཅན། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་བཟོ་རྩལ་བཅས་ཡོད་པ་དང་། བོད་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་ཁེ་ལས་55ཚོང་འདུས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ས་གནས་ས་ཐོག་ཏུ་ཚད་ལྡན་འགྲེམས་གནས་50བཀོད་སྒྲིག་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཁག་650ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པའི་ནང་ལྗང་མདོག་ཞིང་འབྲོག་ཐོན་རྫས་དང་། བོད་ཇ། ཆང་རག བོད་སྨན་དང་སྤོས། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས། མི་རིགས་ཀྱི་རྒྱན་གོས། རིག་གནས་ཡུལ་སྐོར་ཐོན་རྫས་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།