དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-14

    ཚེས་12ཉིན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བོད་ལྗོངས་རྩེ་མཐོང་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིའི་བོད་བཟོའི་གནའ་ཉམས་ཁྱིམ་ཆས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་འགྲེམས་སྟོན་ལ་བརྟག་ཞིབ་གནང་བར་ཕེབས་ནས། དམངས་གཉེར་ཁེ་ལས་ཀྱིས་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་ཤུལ་བཞག“སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ”བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། དམངས་གཉེར་ཁེ་ལས་ཀྱིས་བོད་བཟོའི་ཁྱིམ་ཆས་དེ་དམངས་སྲོལ་གྱི་སྒྲིག་གཤོམ་ནས་རང་ཚུགས་ངང་འགྲེམས་སྟོན་བྱེད་ཆོག་པའི་བརྗོད་དོན་གཙོ་བོར་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། སྲོལ་རྒྱུན་ལག་རྩལ་དེ་དེང་རབས་ཇུས་འགོད་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད། སྤུས་རྟགས་ཁྱབ་སྤེལ་བཅས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་བོད་བཟོའི་གནའ་ཉམས་ཁྱིམ་ཆས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།