ལྗང་མདོག་གི་སྐྱེ་ཁམས་བར་ཁྱམས་མཛེས།

འདི་ནི་ཡུལ་ལྗོངས་མཛེས་པའི་སྐྱེ་ཁམས་བར་ཁྱམས་ཡིན་པ།
ཉེ་ཆར། ལྷ་སའི་གླིང་གཉིས་ཀྱི་ཆུ་བོའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ལེགས་གཏོང་ལས་གྲྭ་ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། ལས་གྲྭ་བསྐྲུན་རྗེས་ས་ཁོངས་ཀྱི་ཆུ་རྒྱུད་ཀྱི་སྐྱེ་ཁམས་དང་ཆུ་འགྲམ་བར་མཐོངས་ཀྱི་སྤུས་ཚད་ལེགས་སུ་འགྲོ་རྒྱུ་རེད།ལས་གྲྭ་འདི་ནི་ལྷ་སའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཆུའི་ཁོར་ཡུག་བཅོས་སྐྱོང་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.1ཙམ་ཟིན་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷོ་ངོས་ཀྱི་ལྷ་ཞབས་གླིང་ཕྲན་དང་ཉི་འོད་གླིང་ཕྲན་སོགས་སུ་ཁྱབ་ཅིང་། འཛུགས་སྐྲུན་ནང་ཆུ་སྒོའི་ཉེན་སེལ་བརྟན་གཏོང་དང་། ཟམ་པ་དང་ཆུ་འགྲམ་གྱི་སྐྱེ་ཁམས་ལེགས་གཏོང་དང་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་སོགས་ཚུད་ཡོད། ད་ཆ་ལྗང་མདོག་གི་སྐྱེ་ཁམས་བར་ཁྱམས་དེ་གྲོང་མི་རྣམས་ཀྱི་སྤྲོ་འཆམ་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།