སྐོར་ཞིབ་ཀྱི་རལ་གྲི་དང་མཚོན་ཆ་རྣོན་པོའི་ནུས་པ་གང་ལེགས་བཏོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ།
—— བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་ཞིབ་ལས་དོན་སྐོར་གྱི་སྒྲིལ་གླེང་།
སྐོར་ཞིབ་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རལ་གྲི་རྣོན་པོ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་མཚོན་ཆ་རྣོན་པོ་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ནན་པོ་འཁུར་བ་དང་། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ། སྐོར་ཞིབ་ལས་དོན་གྱི་ལོ་ལྔའི་འཆར་འགོད་ཞིབ་འཇུག་བྱས་ནས་བཟོ་བ། ཚོགས་འདུ་ཐེངས་21འཚོགས་ནས་སྐོར་ཞིབ་ལས་དོན་གྱི་སྙན་སེང་གསན་པ་དང་དོན་གནད་གལ་ཆེན་ལ་ཞིབ་འཇུག་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ།ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་བཤེར་ལས་དོན་ཚོགས་འདུ་ཐེངས་5དང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་23འཚོགས་ནས་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། ལོ་5ཡི་རིང་འབད་བརྩོན་བྱས་པ་བརྒྱུད་སྐོར་གཟིགས་ལྟ་སྐུལ་གྱི་ཟིལ་གནོན་ནུས་པ་དང་། མཐིལ་རྟོགས་ནུས་པ། སྐུལ་འདེད་ནུས་པ་བཅས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ་དང་། སྐོར་གཟིགས་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས“དོན་ཆེན་བཞིར”སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད།
སྤུས་ཚད་དང་ཕན་འབྲས་ཆེན་པོ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ལྟ་སྐུལ་གྱི་འགན་ལེན་བརྟན་པོ་བྱས་པ།
སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་དོ་དམ་བྱ་ཡུལ་ས་གནས་དང་། སྡེ་ཚན། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཁྱོན་ཡོངས་ལ་སྐོར་གཟིགས་ཁྱབ་པར་བྱ་རྒྱུ་ནི《ཀྲུང་གོའི་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》གི་གཏན་འབེབས་ཁ་གསལ་ཞིག་རེད། 2026ལོའི་ཟླ་9ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དགུ་པའི་སྐོར་གཟིགས་ཀྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་སྐོར་གཟིགས་ལན་སྤྲོད་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་ལས་འགན་དུས་བཀག་ལྟར་འགྲུབ་པ་མཚོན་ཡོད། དེ་ནི་བོད་ཀྱི་སྐོར་གཟིགས་ལོ་རྒྱུས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དོ་དམ་བྱེད་པའི་ཏང་རྩ་འཛུགས་ཚང་མ་སྐོར་གཟིགས་ལྟ་སྐུལ་ཁྱབ་ཁོངས་ནང་བཅུག་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་དམིགས་བསལ་གང་ཡང་མེད་པའི་ཆབ་སྲིད་ཀྱི་བླང་བྱ་མཚོན་ཡོད།
ལོ་5ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་དང“དོན་ཆེན་བཞིར”དམིགས་ཏེ། རྒྱུན་གཏན་གྱི་སྐོར་གཟིགས་གཙོ་བོར་བྱས་ནས་སྔ་རྗེས་སུ་ཏང་རྩ་འཛུགས་7ལ་ཆེད་དོན་སྐོར་གཟིགས་དང་། ཏང་རྩ་འཛུགས་9ལ་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ” ཏང་རྩ་འཛུགས་1ལ་སྐབས་བསྟུན་སྐོར་གཟིགས་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཚན་པ་193གྱི་ཏང་རྩ་འཛུགས་ཁྱོན་ཡོངས་ལ་སྐོར་གཟིགས་ཁྱབ་པར་བྱས་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་སོགས་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླ་གཙོ་བོ་དང་། ཉེན་ཁ་ཆེན་པོ། མངོན་གསལ་དོད་པའི་གནད་དོན་བཅས་11400ལྷག་ཙམ་ཤེས་རྟོགས་དང་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་ཡོད། སྐོར་གཟིགས་སྐོར་བཤེར་བྱས་པ་བརྒྱུད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཆབ་སྲིད་འཛུགས་སྐྱོང་ནུས་ལྡན་མེད་པ་དང་།“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་ལས་དོན་ཁག་གཅིག་ལ་སྔར་བཞིན་མི་འདང་བའི་ཆ་ཡོད་པ་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་སྒྲུབ་རིང་ནུས་པ་མི་འདང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ། གཞུང་ཁོངས་ཁེ་ལས་ཀྱི་གཙོ་འགན་གཙོ་ལས་མངོན་གསལ་དོད་པོ་མེད་པ་དང་། གཙོ་ལས་དང་རྒྱབ་འགལ། དངོས་བྲལ་བཏགས་འགྱུར་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ། རྣམ་གྲངས་འཛུགས་སྐྲུན་དང་ལྷག་པར་དུ་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་སྣང་ཚུལ་དམར་རྗེན་དུ་བཏོན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྐུལ་འདེད་བཏང་ཡོད།
གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་གཏིང་ཟབ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ།
གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱ་རྒྱུ་ནི《ཀྲུང་གོའི་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》གིས་སྐོར་གཟིགས་ལ་དཀྲིས་པའི་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་རེད། 2024ལོར་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》ནང་སྐོར་གཟིགས་བྱེད་རིང་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིའི་གནད་དོན་གལ་ཆེན་དང་གནད་དོན་གྱི་ཁུངས་སྣེ་བཏོན་རིགས་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། འབྲེལ་ཡོད་ཞིབ་གླེང་དེ་སྔའི“ཤེས་རྟོགས་གཏིང་ཟབ་བྱེད་ཆོག”ཅེས་པ་དེ“ཤེས་རྟོགས་གཏིང་ཟབ་བྱེད་དགོས”ཞེས་པར་བཟོ་བཅོས་བརྒྱབ་ནས། ནན་པའི་དགོངས་གཞི་དང་བྱ་ཐབས་ནན་པོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པའི་བརྡ་རྟགས་གསལ་པོ་བཏང་ཡོད།
ལོ་5ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཤེས་རྟོགས་དང་ཟིལ་གནོན་ཆགས་པར་བྱ་རྒྱུ་དེ་སྐོར་གཟིགས་ལས་དོན་གྱི་སྲོག་རྩར་མཐའ་འཁྱོངས་བྱས་ཏེ། སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་ཐད་ཀར་འགོ་ཁྲིད་ནས་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་དང་ཁ་གཏད་འབྲེལ་གཏུག་གི་ལྟ་སྐུལ་ཞིབ་བཤེར་ཁང་གི་ཀྲུའུ་རེན་གྱིས་ཚོགས་ཆུང་དུ་བཅའ་སྡོད་མི་བྱེད་པའི་ཙུའུ་ཀྲང་གཞོན་པའི་འགན་འཁུར་བ་སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཁར། གནད་དོན་གྱི་ཁུངས་སྣེའི་ལས་དོན་ཚོགས་ཆུང་བཙུགས་ནས། སྒྲིག་བཤེར་དང་། རྩ་འཛུགས། རྩིས་བཤེར། ཡིག་འབུལ་ཞུ་བཅར་སོགས་ལྟ་སྐུལ་ལས་ཁུངས་དང་སྡེ་ཚན་དང་འབྲེལ་གཏུག་འབྲེལ་མཐུད་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་དུ་གནད་དོན་གྱི་ཁུངས་སྣེ་ཏན་ཏིག་སྒྲུབ་ཡོད། གྲོང་ཁྱེར་དང་རྫོང་གི་སྐོར་བཤེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཀྱི་གོམ་སྟབས་དང་བསྟུན་ནས་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་གྱི་ཁུངས་སྣེ་ཁག་གཅིག་རྩིས་སྤྲད་ཡོད། གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱས་པ་བརྒྱུད། འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་རུལ་སུངས་ཐོན་ས་དང་ཆ་རྐྱེན་མེད་པ་བཟོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་རྣམ་འགྱུར་གསལ་པོ་མངོན་པ་དང་སྐོར་གཟིགས་སྐོར་བཤེར་གྱི་ཟིལ་གནོན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
འགག་རྩའི་ཉུང་ཤས་ལ་དམིགས་ནས་ལྟ་སྐུལ་གཏིང་ཟབ་བྱས་ཏེ“འགོ་གཙོ་དང་པོར”ལྟ་སྐུལ་བྱེད་པའི་དཀའ་གནད་ནུས་ལྡན་བསལ་བ།
“འགོ་གཙོ་དང་པོར”སྐོར་གཟིགས་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པས་སྐོར་གཟིགས་ལས་དོན་ལ་བཀོད་སྒྲིག་གསལ་པོ་བྱས་པ་ཞིག་ཡིན་ལ། སྐོར་གཟིགས་གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པ་མ་ཟད། ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་དེ་བས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་གཟིགས་བྱེད་པར“འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་དམ་པོར་དམིགས་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་ལས“འགོ་གཙོ་དང་པོར”སྐོར་གཟིགས་ལྟ་སྐུལ་བྱེད་པའི་ཆབ་སྲིད་རང་བཞིན་དང་། དབང་གྲགས་རང་བཞིན། བསྒམ་ནན་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
ལོ་5ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ“འགོ་གཙོ་དང་པོར”ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས་སྐོར་གཟིགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། གོང་རིམ་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར། སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་སོགས་ཐད་ཀྱི་གནས་ཚུལ་ལ་དམིགས་ཏེ་ཆབ་སྲིད་ཀྱི་ཡོ་ཁྱད་བཙལ་འཚོལ་གཏིང་ཟབ་བྱས་པ། དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་ལ་གནད་སྨིན་ངང་གནས་ཚུལ་མཚོན་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འགོ་གཙོ་དང་པོའི”ཆེད་དོན་དཔྱད་ཡིག་ཆགས་པར་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འགོ་གཙོ་དང་པོར”ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ལྷག་པར་དུ“འགོ་གཙོ་དང་པོར”ལྟ་སྐུལ་གཏིང་ཟབ་བྱས་པ་བརྒྱུད། རིམ་ཁག“འགོ་གཙོ་དང་པོ”ཁག་གཅིག་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་བས་ཟིལ་གནོན་གྱི་རྣམ་པ་ཤུགས་ཆེར་ནུས་ལྡན་ཕྱིན་ཡོད།
གྲོང་ཚོར་སྐོར་བཤེར་གཏིང་ཟབ་བྱས་ནས་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོ་ཐད་ཀར་གཞི་རིམ་ལ་གཏད་རྒྱུར་སྐུལ་འདེད་བཏང་བ།
གྲོང་ཚོར་སྐོར་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་གཟིགས་འཕེལ་རྒྱས་གཏིང་ཟབ་བཏང་བའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་རྫོང་གི་སྐོར་བཤེར་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་ཚོར་སྐོར་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་བསྟུན་ཏེ་སྲིད་ཇུས་ལག་བསྟར་བྱེད་པ་དང་། རལ་གྲི་རྣོན་པོ་ཐད་ཀར་གཞི་རིམ་ལ་གཏད་པ། “ཆུང་ཟ་ཆུང་རུལ”ལ་ཆད་པ་གཅོད་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་བཅོས་སྒྲིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་དེས་གྲོང་ཚོར་སྐོར་བཤེར་གཏིང་ཟབ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ལོ་5ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་སྐོར་བཤེར་ལས་དོན་གྱིས་གྲོང་ཚོར་སྐོར་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་དང་གཞི་རིམ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། དོན་དངོས་ལ་གཞི་ཚུགས་ཏེ་གྲོང་ཚོར་སྐོར་བཤེར་བྱེད་པའི་ལས་དོན་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་ཡོད། སྐོར་གཟིགས་དང་སྐོར་བཤེར་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ནས་ལོ་ལྟར་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་བཤེར་ལས་དོན་ཚོགས་འདུའི་ཐོག་ཆེད་མངགས་གྲོང་ཚོར་སྐོར་བཤེར་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཡོད། གྲོང་ཚོར་སྐོར་བཤེར་རྒྱུན་མཐུད་གཏིང་ཟབ་བྱས་པ་བརྒྱུད། ལྟ་སྐུལ་གྱི་ནུས་ཕྱོད་དེ་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་གྱུར་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་གཅིག་པའི་སྐོར་གཟིགས་ལས་དོན་གྱི་འགོ་འཛུགས་ས་གསར་པའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་སྒྲིག་གཞིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ལྷག་པར་དུ《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་མུ་མཐུད་དམིགས་པ། རྒྱུན་གཏན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། སྐབས་བསྟུན་སྐོར་གཟིགས། རིམ་སྤོར་སྐོར་གཟིགས་སོགས་ཀྱི་བྱེད་ཐབས་ཡག་པོ་སྤྱོད་པ། སྐོར་གཟིགས་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱོད་པ། “ཕྱིར་མིག་ལྟ”ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ། སྐོར་གཟིགས་སྐོར་བཤེར་དང་གོང་འོག་མཉམ་འགུལ་གཏིང་ཟབ་བྱེད་པ། གྲོང་ཚོར་སྐོར་བཤེར་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། སྐོར་གཟིགས་ཕྱོགས་བསྡུས་ལྟ་སྐུལ་གྱི་རལ་གྲི་རྣོན་པོའི་ནུས་པ་འདོན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།