སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།
■ སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེན་གྱི་མི་རིགས་དཔའ་བོ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་བཅས་ཡིན་ཞིང་། ཁོང་གིས་ཀྲུང་གོར་སྒྱུར་བཀོད་གནང་ཆེད་སྐུ་ཚེ་ཧྲིལ་པོར་འབད་འཐབ་གནང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་གནང་བས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སྙིང་དབུས་ནས་གུས་བཀུར་ཞུ་གི་ཡོད།
■ ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་གི་ཆེས་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་། ཆེས་བློ་དཀར་གྱི་མཉམ་ལས་པ། ཆེས་རྣམ་དག་གི་རྒྱུན་འཛིན་པ་བཅས་ཡིན། ལོ་100ལྷག་ཙམ་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དེ་དག་གིས་སྐུ་ཞབས་སུན་ཀྲུང་ཧྲན་འདས་པོའི་ཐུགས་འདུན་ཡོངས་སུ་བསྐྱངས་ཡོད།
■ ལོ་100ལྷག་ཙམ་རིང་། སྐུ་ཞབས་སུན་ཀྲུང་ཧྲན་གྱི“ཀྲུང་ཧྭ་དར་རྒྱས”ཞེས་པའི་འབོད་ཚིག་གིས་ཀྲུང་གོ་བ་མི་རབས་ནས་མི་རབས་བར་ལ་སྐུལ་ལྕག་ཐེབས་ཡོད་པ་དང་། དེར་དུས་རབས་ཀྱི་དོན་སྙིང་དང་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྩལ་ཡོད། ད་ཆ། ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་རྒྱུ་དེ་རེད།

ཟླ་11ཚེས་12ཉིན། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཟླ་11ཚེས་12ཉིན། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཚོགས་ཆེན་ལ་ཞུགས་པ།
ཚེས་12ཉིན་གྱི་སྔ་དྲོར། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱབ་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག སྐུ་ཞབས་སུན་ཀྲུང་ཧྲན་འདས་པོའི་ཐུགས་འདུན་རྒྱུན་འཛིན་དང་ཕྱར་བ་གྲུ་འདེགས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཛད་འཕྲིན་མངོན་འགྱུར་ཡོང་བར་མཉམ་དུ་འབད་བརྩོན་བྱས་ཏེ། ཉེ་རབས་ཚུན་དུ་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་དོན་གཉེར་ཧུར་ཐག་བྱེད་པའི་ཕུགས་འདུན་རླབས་པོ་ཆེ་དེ་ཉིད་རྒྱུན་ཆད་མེད་པར་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་སྒམ་ནན་ལ་བརྗིད་ཉམས་ལྡན་ཞིང་། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ“སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་དང་དེའི་འོག་ཏུ“1866-2026”ཅེས་པའི་ཨང་རྟགས་བཀལ་ཡོད་ཅིང་། གཞོགས་གཉིས་སུ་དར་དམར་10བསྒྲིགས་ཡོད།
སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེན་གྱི་མི་རིགས་དཔའ་བོ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་བཅས་ཡིན་ཞིང་། ཁོང་གིས་ཀྲུང་གོར་སྒྱུར་བཀོད་གནང་ཆེད་སྐུ་ཚེ་ཧྲིལ་པོར་འབད་འཐབ་གནང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་གནང་བས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སྙིང་དབུས་ནས་གུས་བཀུར་ཞུ་གི་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་གི་ཆེས་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་། ཆེས་བློ་དཀར་གྱི་མཉམ་ལས་པ། ཆེས་རྣམ་དག་གི་རྒྱུན་འཛིན་པ་བཅས་ཡིན། ལོ་100ལྷག་ཙམ་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དེ་དག་གིས་སྐུ་ཞབས་སུན་ཀྲུང་ཧྲན་འདས་པོའི་ཐུགས་འདུན་ཡོངས་སུ་བསྐྱངས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་100ལྷག་ཙམ་རིང་། སྐུ་ཞབས་སུན་ཀྲུང་ཧྲན་གྱི“ཀྲུང་ཧྭ་དར་རྒྱས”ཞེས་པའི་འབོད་ཚིག་གིས་ཀྲུང་གོ་བ་མི་རབས་ནས་མི་རབས་བར་ལ་སྐུལ་ལྕག་ཐེབས་པ་དང་། དེར་དུས་རབས་ཀྱི་དོན་སྙིང་དང་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྩལ་ཡོད། ད་ཆ། ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་རྒྱུ་དེ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་རྒྱལ་གཅེས་རྒྱལ་སྐྱོབ་གནང་གི་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་དགོས། རྒྱང་ལམ་གསར་པར། ང་ཚོས་རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འདུ་ཤེས་བརྟན་དུ་གཏོང་བར་སྐུལ་སློང་བྱས་ཏེ། མཉམ་དུ་རླབས་ཆེན་མེས་རྒྱལ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་དམངས་ཚོགས་ཐུགས་ལ་བཞག་གནང་གི་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱང་ལམ་གསར་པར། ང་ཚོས་རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པ། མི་དམངས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་གོམ་སྟབས་བརྟན་པོ་ཞིག་སྤོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་བདེན་དོན་དོན་གཉེར་གནང་གི་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་ལག་ལེན་རྨང་གཞིར་བྱས་པའི་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྒྱང་ལམ་གསར་པར། ང་ཚོས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་ཕོད་པར་བྱས་ནས། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་དགོས་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུན་སུམ་ཇེ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་མགོ་བོ་གཏན་ནས་སྒུར་གནང་མྱོང་མེད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། འགག་སྒྲོལ་དཀའ་སེལ་ཕོད་པ་དང་། དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། རྒྱང་ལམ་གསར་པར། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེར་གཏོང་། དུས་དང་རྣམ་པ་ཀུན་ཏུ་དུས་བབ་རྙོག་འཛིང་ཆེ་ལ་ཉེན་ཁ་ཆེ་བ་དང་ཐ་ན་ཉེན་ཁ་དང་འགྲན་སློང་དེ་བས་ཆེ་བའི་ཚོད་བགམ་ནན་པོ་ཐེག་ཐུབ་པའི་གྲ་སྒྲིག ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། དུས་རབས་གསར་པའི་འཐབ་རྩོད་རླབས་པོ་ཆེའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་མཐུན་སྒྲིལ་དར་སྤེལ་གཏོང་གནང་གི་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེ་མོ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱལ་གཏོང་དགོས། རྒྱང་ལམ་གསར་པར། ང་ཚོས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱེད་པ་དང་སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་གནམ་འོག་ཀུན་ཐུགས་ལ་བཅངས་གནང་གི་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱང་ལམ་གསར་པར། ང་ཚོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འཕོ་འགྱུར་གྱི་གནས་སྟངས་ཆེན་པོ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ཀྱིས་ཕྱི་རོལ་འཇིག་རྟེན་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་བ་དང་། རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་ཁ་ཕྲལ་གཏོང་བའི་གཏམ་བརྗོད་དང་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་གི་ཡོད།ཁོང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བཅངས་པའི་འདུན་པ་དྲག་པོ་དང་བློ་རྩ་བརྟན་པོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་བློ་སྒོ་འབྱེད་པ་དང་། སློབ་གསོ་དང་སྐུལ་མ་ཐེབས་བཞིན་ཡོད། ཐའེ་དབན་གྱི་གནད་དོན་ཐག་གཅོད་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་ལས་འགན་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ལག་གདང་སྦྲེལ་ནས། ཐུན་མོང་ཐོག“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ངོ་རྒོལ་བྱེད་པ་དང་། ཐུན་མོང་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བ་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས།
ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་མཛད་རྗེས་བླ་ན་མེད་པ་བཞག་གནང་བར་རྗེས་དྲན་ཟབ་མོ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་སྐུ་ཞབས་སུན་ཀྲུང་ཧྲན་འདས་པོའི་ཐུགས་འདུན་རྒྱུན་འཛིན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འབུངས་ལྷོད་མེད་ངང་གྲུབ་འབྲས་རླབས་པོ་ཆེ་བཏོད་པར་ཕྱིར་དྲན་དང་ཕྱོགས་སྡོམ་གནང་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་ནས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་ལྕག་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ངོགས་གཉིས་ཀྱི་སྤུན་ཟླ་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བ་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་གལ་ཆེན་ལྡན་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་སེམས་པ་གཅིག་ཏུ་ཕྱོགས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་ཡོད།
པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དང་མང་ཚོགས་རྩ་འཛུགས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་ཁག་གཅིག མི་རིགས་དང་ཆོས་ལུགས་ལས་རིགས་ཁོངས་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ཚོགས་པའི་འཐུས་མི། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གཅིག སྐུ་ཞབས་སུན་ཀྲུང་ཧྲན་གྱི་གཉེན་ཉེའི་འཐུས་མི། ཀང་ཨའོ་ཐའེ་ཡི་འབྲེལ་ཡོད་མི་སྣའི་འཐུས་མི་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད།
དྲན་གསོའི་ཚོགས་ཆེན་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་ཀྱིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གཉེན་ཉེ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།