དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བཅའ་ཁྲིམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དྭངས་གཙང་དྲ་རྒྱ་མཉམ་དུ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅིན་ཤིན།   |     སྤེལ་དུས།  2026-11-13

    མི་རིང་བའི་གོང་། 《ན་སོ་དར་ལ་མ་བབས་པའི་མིས་བདེ་ཐང་དང་བདེ་འཇགས་ངང་དྲ་རྒྱ་སྤྱོད་པར་འགན་སྲུང་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་སུ་བཙུགས་པའི་དྲ་རྒྱའི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་8ཀྱི་གྲས་ཤིག་ཡིན་པའི་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང(ཀུའུ་པེ་གྲོང་མིའི་ལྟེ་གནས)གིས་ཁྲིམས་སྲོལ་དེའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་དམིགས་ནས་ཁྲིམས་བཟོའི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་ཤིང་། ལས་སྟེགས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན། གཞི་རིམ་མང་ཚོགས་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 2025ལོ་ནས་ད་བར། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་ཁག་བརྒྱུད་ནས་དྲ་རྒྱའི་གཙོ་གནད་ཁྲིམས་བཟོར་དམིགས་ནས་བསམ་འཆར་དང་གྲོས་འགོ་ཁག་4000ལྷག་ཙམ་བསྡུ་ལེན་བྱས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་རྒྱའི་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་དང་། ཁྲིམས་སྒྱུར། ཁྲིམས་འཛིན། བཅའ་ཁྲིམས་ཁྱབ་གདལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པའི”ནན་བཤད་གནང་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“དྲ་སྦྲེལ་གྱི་ནང་དོན་དོ་དམ་དང་དྲ་རྒྱའི་ལས་སྟེགས་བཅོས་སྐྱོང་སོགས་ཀྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ”དང་། “དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ” “དྲ་རྒྱའི་དཀྲོག་གཏམ་དང་དྲ་རྒྱའི་གཏུམ་སྤྱོད་སོགས་ཀྱི་སྣང་ཚུལ་ཟང་ཟིང་ལ་བཅོས་སྒྲིག་བྱས་ནས་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་གཏོད་དགོས”ཞེས་བཏོན་ཡོད་པ་རེད།

    བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་གྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས། དྲ་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནི་རང་རྒྱལ་གྱི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། དྲ་འཕྲིན་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དྲ་རྒྱའི་བཅའ་ཁྲིམས་ཚད་ལྡན་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དྲ་རྒྱའི་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “དྲ་རྒྱ་ཆེན་པོའི་བཅའ་ཁྲིམས་ཁྱབ་གདལ”མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་ཡོད་པ་རེད།

    དྲ་སྦྲེལ་ཇི་ཙམ་འཕེལ་རྒྱས་ཕྱིན་ན་ཁྲིམས་སྐྱོང་འགན་སྲུང་དེ་ཙམ་གྱིས་རྗེས་སྙེགས་ཐུབ་པ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲིམས་བཟོའི་ཐད་གྲངས་འཛིན་འཕེལ་རྒྱས་ཀྱི་འགལ་ཟླ་གསར་པ་དང་ཉེན་ཁ་གསར་པར་དམ་པོར་དམིགས་ནས་རྒྱུན་ཆད་མེད་པར་ཞན་ཆ་སེལ་བ་དང་། སྒྲོམ་གཞི་སྒྲིག་པ། སྒྲིག་སྲོལ་བཟོ་བ་བཅས་བྱས་ཡོད་པ་རེད།

    བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་གྱི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སོགས་བསྟུད་མར་བཏོན་པ་སྟེ། ཟླ་4པར། སྡེ་ཚན་ལྔ་ཡིས《མི་ཐབས་རིག་ནུས་ཀྱི་རྟོག་བཟོའི་མིའི་མཉམ་འགུལ་ཞབས་ཞུའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཡོངས་བསྒྲགས་བྱས་པ་དང་། ཟླ་6པར། སྡེ་ཚན་གསུམ་གྱིས《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་དཔྱད་དཔོག་བྱ་ཐབས》ཡོངས་བསྒྲགས་བྱས་པ་སོགས།

    མི་ཐབས་རིག་ནུས་བཅོས་སྐྱོང་དང་། ཐད་གཏོང་དྲ་ཚོང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅས་ལ་དམིགས་པ་དང་། དེང་སྐབས་ཀྱི་གླེང་མང་བ་དང་བཅོས་སྐྱོང་གི་དཀའ་གནད་ལ་གཞིགས་ནས་ཁྲིམས་བཟོ་བར་འབེན་དམིགས་ཇུས་འདོན་དང་ཐབས་ཇུས་གནད་སྨིན་བཏོན་ཡོད་པ་རེད།

    དྲ་རྒྱའི་ཟང་ཟིང་སྣང་ཚུལ་ལ་དམིགས་ཏེ་ཁྲིམས་སྒྱུར་སྡེ་ཚན་གྱིས་བྱ་ཐབས་ནན་པོ་སྤྱད་ཡོད་པ་སྟེ།

    “དྭངས་གཙང”གི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དེ་མི་ཐབས་རིག་ནུས་བཀོལ་སྤྱོད་ཟང་ཟིང་གི་སྣང་ཚུལ་ལ་བཅོས་སྒྲིག་དང་། ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་ངན་སྐུལ་སྦིར་བསྒྲགས་བཅོས་སྒྲིག དྲ་རྒྱའི་རོལ་རྩེད་ཀྱི་གཙོ་སྒྲོན་པ་མང་པོས་མཉམ་དུ་ཐད་གཏོང་བྱེད་པའི་ཟང་ཟིང་གི་སྣང་ཚུལ་ལ་བཅོས་སྒྲིག དྲ་རྒྱར་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།

    སྡེ་ཚན་མང་པོས་མཉམ་དུ་ཆེད་དོན་བཅོས་སྒྲིག་བྱས་ནས་གཙོ་གནད་ཡུལ་གྱི་ཁྲིམས་སྒྱུར་དོན་འཁྱོལ་ནུས་ལྡན་ཡོང་བར་བྱས་ཡོད་པ་སྟེ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་2026ལོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་། སྡེ་ཚན་གཉིས་ཀྱིས་དྲ་ཐོག་དངུལ་རྩའི“ཚུལ་མིན་བྱ་སྤྱོད”ཀྱི་ཆ་འཕྲིན་ཟང་ཟིང་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་སོགས་ཡིན།

    ད་ལོ་ཚུན་དུ། མི་ཐབས་རིག་ནུས་དང་འབྲེལ་བའི་ཁྲིམས་འཛིན་ཁྲུན་གཅོད་སྒྲིག་སྲོལ་རྒྱུན་མཐུད་ཞིབ་ཚགས་སུ་བཏང་སྟེ།“གྲངས་རིག་འདྲི་གཅོད”སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་ནས་དྲ་རྒྱའི་ཁྱབ་ཁོངས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་ཧུར་ཐག་བྱས་ཡོད་པ་རེད།

    མི་ཚང་མས་གྲངས་འཛིན་སྤྱི་ཚོགས་མཉམ་སྤྱོད་བྱེད་པ་དང་མི་ཚང་མར་དྭངས་གཙང་དྲ་རྒྱ་སྐྲུན་པའི་འགན་འཁྲི་ཡོད། དྲ་རྒྱའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བར་ངེས་པར་དུ་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས།

    ད་ལོའི་ཟླ་གསུམ་པར་སི་ཁྲོན་ཁྲེང་ཏུའུ་རུ་དངོས་མཚོན་ཟློས་གར་གར་སྟེགས་སུ་འཁྲབ་འགོ་ཚུགས་ཤིང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་བཅའ་ཁྲིམས་ཤེས་བྱ་རྒྱུན་སྤྱོད་ཕལ་སྐད་ཀྱི་ཐོག་ནས་འཁྲབ་གཞུང་ནང་དྲིལ་བསྒྲགས་བྱས་པས་གར་སྟེགས་ཀྱི་གཤམ་དུ་ཡོད་པའི་མང་ཚོགས་ཚོས་གསལ་པོར་གོ་ཐུབ་པ་དང་བློ་ལ་བརྟན་པོར་ངེས་ཡོད་པ་རེད།

    དེ་ནི་2026ལོའི“ཁྲིམས་དང་འགྲོགས་པའི”རྒྱལ་ཡོངས་ཀྱི་དྲ་རྒྱའི་ཁྲིམས་སྐྱོང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་གི་རྣམ་པ་ཞིག་རེད། བྱེད་སྒོ་དེ་ཟླ་3པ་ནས་ཟླ་11པའི་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་བཅས་ཀྱིས་ཐུན་མོང་ཐོག་མཛུབ་ཁྲིད་བྱས་ཡོད། སི་ཁྲོན་དང་། ཅང་ཤིས། ཉིང་ཞ། ལེའོ་ཉིང་བཅས་ཀྱི་ས་ཆ་མང་པོར་སྤེལ་བ་དང་། འབྲེལ་ཡོད་དྲིལ་བསྒྲགས་དང་སྤེལ་གཏོང་ལ་དྲ་རྒྱ་ཡོངས་སུ་ལྟ་ཚད་བསྡོམས་འབོར་ཐེངས་དུང་ཕྱུར་80ལྷག་ཙམ་ཟིན་ཡོད་པ་རེད།

    “ཁྲིམས་སྐྱོང་སྒྲོག་གུའི”གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་། རྒྱལ་ཡོངས་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་བསྒྲགས་ལེགས་གྲས་དང་ཕུལ་བྱུང་དཔེ་མཚོན་རྒྱུན་མཐུད་ཡོངས་བསྒྲགས་བྱས་པ་སོགས། “དྲ་རྒྱར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང“དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”ཟུང་འབྲེལ་བྱས་ཏེ་དྲ་འཕྲིན་དང་ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་གྱིས་གསོན་ཉམས་དོད་ལ་ཐད་མཐོང་གི་རྣམ་པའི་ཐོག་ནས་དྲ་རྒྱའི་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད་པ་རེད།

    “དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་པར་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་རང་འགུལ་སྟངས་འཛིན་དང་རྒྱང་ལྟའི་བཀོད་སྒྲིག་བྱེད་དགོས། དྲ་རྒྱའི་ཁོར་ཡུག་བཟང་པོར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་སྐོང་བར་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་སྐབས་དོ་ཁུར་ལ་བརྡ་ལན་སློག་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་དགོས” “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་། འཆར་འགོད་སྣེ་ཁྲིད། ལམ་སྲོལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་ཁྲིམས་སྐྱོང་ལས་དོན་གྱི་སྤྱི་ཡོངས་ཀྱི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།