དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་APECའགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-13

    འདི་ནི་2026ལོའི་APECའགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་11ཉིན། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)འགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་ཧྲེན་ཀྲེན་དུ་སྤྱོད་འགོ་ཚུགས་པ་རེད།

    ཟླ་11ཚེས་18དང་19ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད།

    APECའགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་དེ་ཧྲེན་ཀྲེན་ཚོགས་འགྲེམས་ལྟེ་གནས(ཧྥུའུ་ཐན)ཀྱི་འགྲེམས་ཁང་2པར་བཙུགས་པ་དང་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.5ཟིན་གྱི་ཡོད། དེའི་ནང་སྨྱན་སྦྱོར་གྱི་ལས་དོན་ཁུལ་དང་། ལག་རྩལ་རྒྱབ་སྐྱོར་ཁུལ། གསར་འགྱུར་འགྲེམས་བསྒྲཌ་ཁུལ། “གསར་འགོད་པའི་ཁྱིམ་ཚང”གི་ཞབས་ཞུའི་ཁུལ། ཇ་འཐུང་ངལ་གསོ་ཁུལ་སོགས་བྱེད་ནུས་ཁུལ་བཙུགས་ཡོད་པ་ལས། གསར་འགྱུར་གཏོང་སྤེལ་ནང་ཞུགས་མཁན་ཀྲུང་ཕྱིའི་གསར་འགོད་པ་5000ཙམ་ལ་ཚོགས་འདུའི་བློ་འདྲི་དང་། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་བརྡ་རྟགས། གསར་འགྱུར་འགྲེམས་བསྒྲགས། རིག་ནུས་བཅར་འདྲི་རྩོམ་སྒྲིག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།