དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞི་ཡིས་བརྡ་ཐོ་བཀྲམ་ནས།

    གསར་གཏོད་སྨན་རྫས་བདེ་འཇགས་དང་ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-13

    གསར་གཏོད་སྨན་རྫས་བདེ་འཇགས་དང་ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་སྤྱོད་དགོས་མཁོ་སྐོང་ཆེད། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་བཅས་ཀྱིས་མཉམ་དུ《གསར་གཏོད་སྨན་རྫས་བདེ་འཇགས་དང་ལུགས་མཐུན་ངང་སྤྱོད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་བཀྲམ་པ་དང་། སྨན་རྫས་བདེ་འཇགས་དང་ལུགས་མཐུན་ངང་སྤྱོད་པའི་ལྷུ་ཚིགས་གཙོ་བོར་དམིགས་ནས་སྨན་ལུགས་མཐུན་སྤྲོད་པར་སྐུལ་འདེད་གཏོང་བ་དང་། གསོ་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བེད་སྤྱོད་ཆ་རྐྱེན་ལེགས་སུ་གཏོང་བ། དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་གཞིས་གསར་གཏོད་སྨན་རྫས་སྨན་ཁང་དུ་འཐེན་པའི་ལམ་ལུགས་དང་ལས་ཀའི་བརྒྱུད་རིམ་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་ཏུ་སྨན་དོན་དོ་དམ་དང་སྨན་རྫས་སྨན་བཅོས་རིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་ལས་སྒོའི་ནུས་པ་དང་སྨན་བཅོས་ལས་ཀའི་དགོས་མཁོ་གཞིར་བཟུང་གསར་གཏོད་སྨན་རྫས་དུས་ཐོག་ཏུ་སྒྲིག་གཞི་དེ་གའི་སྨན་སྤྱོད་དཀར་ཆག་ནང་འཇུག་དགོས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྨན་ཁང་གིས་རིམ་པ་བཞིན་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་པ། དུས་བཀག་ལྟར་སྨན་སྤྱོད་ཤེས་བྱ་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྲིད་ཇུས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ། གསར་གཏོད་སྨན་རྫས་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་རིགས་གཅིག་མཁས་ཅན་གྱི་ཐུན་མོང་ངོས་འཛིན་དུས་ཐོག་ཏུ་རྩོམ་འབྲི་དང་འགྲེམས་བསྒྲགས་བྱས་ཏེ། གསོ་རིག་གི་དཔང་རྟགས་ཁུངས་བཙན་ཡོད་པའི་སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཕྱོགས་སྟོན་ནང་འཇུག་དགོས་པ། སྨན་རྫས་རིག་པའི་རིགས་ཀྱི་འབྲེལ་ཡོད་སྨན་བཅོས་ཞབས་ཞུའི་རིན་གོང་གི་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ནས་འགན་སྲུང་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་གཏོད་སྨན་རྫས་བེད་སྤྱོད་ཀྱི་སྲིད་ཇུས་ཁོར་ཡུག་ལེགས་སུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།