མེ་གསོད་ཁྱབ་ཁོངས་ཀྱི་བཙན་སྐུལ་གྱི་རྒྱལ་ཁབ་ཚད་གཞི་ཁག་གཅིག་ཡོངས་བསྒྲགས་བྱས་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན)ཀྱིས《མེ་གསོད་ཐོན་རྫས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་གཏན་འཁེལ་བྱེད་པའི་སྒྲིག་སྲོལ》དང་། 《མེ་གསོད་རླངས་འཁོར་གྱི་ཚད་གཞིའི་ནང་གསེས་བཅུ་གཉིས་པར་གཏན་ལ་ཕབ་པའི་མཐོ་འདེགས་མེ་གསོད་རླངས་འཁོར་གྱི་ཚད་གཞི》 《མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཀོད་སྒྲིག་དང་དོ་དམ་ཕྱོགས་སྟོན་གྱི་སྒྲིག་སྲོལ》བཅས་མེ་གསོད་ཁྱབ་ཁོངས་ཀྱི་བཙན་སྐུལ་གྱི་རྒྱལ་ཁབ་ཚད་གཞི་ཁག་གསུམ་ལ་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པ་རེད། ཚད་གཞི་ཁག་གསུམ་པོ་འདི་ནི་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་བཟོ་བཅོས་བརྒྱབ་པ་ཞིག་རེད། ཚད་གཞི་དེ་དག་ཐོན་རྫས་ལ་ལྟ་འདོམས་དང་། རོགས་སྐྱོབ་སྒྲིག་ཆས། བགྲོད་ལམ་འགན་ལེན་བཅས་ལྟེ་བའི་ཁྱབ་ཁོངས་ཆེན་པོ་གསུམ་ལ་ཁྱབ་ཡོད་པས། མེ་གསོད་ཁྱབ་ཁོངས་ཀྱི་བཙན་སྐུལ་གྱི་ཚད་གཞིའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ནས། མེ་གསོད་བདེ་འཇགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྐྱོང་ལ་གཅིག་གྱུར་གྱི་ལག་རྩལ་ཚད་གཞི་མཁོ་འདོན་བྱས་ཡོད་པ་རེད།
《མེ་གསོད་ཐོན་རྫས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་གཏན་འཁེལ་བྱེད་པའི་སྒྲིག་སྲོལ》དེ་སྔོན་ཆད་ཀྱི་ལས་རིགས་ཚད་གཞི་ནས་བཙན་སྐུལ་གྱི་རྒྱལ་ཁབ་ཚད་གཞིར་རིམ་སྤོར་བྱས་ཏེ“ཁྲོམ་རའི་ཆོག་འཐུས་ལ་ཞིབ་བཤེར་དང་། བརྟག་བཤེར་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར། འགག་རྩའི་བྱེད་ནུས་ལ་ས་གནས་ས་ཐོག་ནས་ཞིབ་དཔྱད་ཚད་ལེན་བྱེད་པ”བཅས་རིམ་པ་གསུམ་གྱི་གཏན་འཁེལ་མ་ལག་བཙུགས་ཡོད་པ་རེད། 《མེ་གསོད་རླངས་འཁོར་གྱི་ཚད་གཞིའི་ནང་གསེས་བཅུ་གཉིས་པར་གཏན་ལ་ཕབ་པའི་མཐོ་འདེགས་མེ་གསོད་རླངས་འཁོར་གྱི་ཚད་གཞི》རུ་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་རོགས་སྐྱོབ་ཀྱི་དངོས་འཐབ་དགོས་མཁོར་དམིགས་ནས་སྔར་ཡོད་ཀྱི་མཐོ་འཛེགས་ལས་སྟེགས་དང་། སྐས་འཛེག མཐོ་འདེགས་ཆུ་གཏོར་བཅས་རླངས་འཁོར་རིགས་གསུམ་གྱི་རྨང་གཞིའི་ཐོག་མཐོ་འདེགས་བཤིག་གཏོར་མེ་གསོད་རླངས་འཁོར་གྱི་རིགས་དང་དེ་བཞིན་བཤིག་གཏོར་སྒྲིག་ཆས་ཀྱི་བྱེད་ནུས་མང་དུ་བཏང་ཡོད་པ་རེད།
《མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཀོད་སྒྲིག་དང་དོ་དམ་ཕྱོགས་སྟོན་གྱི་སྒྲིག་སྲོལ》དེས“ཚེ་སྲོག་བགྲོད་ལམ”བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། བཙན་སྐུལ་གྱི་བཀོད་སྒྲིག་དང་དོ་དམ་བླང་བྱ་ཁ་གསལ་བཟོས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།