ཕ་རི་སིའི་ཞི་བདེའི་གླེང་སྟེགས་སྐབས་དགུ་པའི་ཐོག་ཕྱོགས་མང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ།
ཚེས་10ཉིན། ཕ་རི་སིའི་ཞི་བདེའི་གླེང་སྟེགས་སྐབས་དགུ་པ་ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་འགོ་ཚུགས་ཤིང་། ད་ཐེངས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“བདག་དབང་ནས་མཉམ་ལས་བར”ཞེས་པ་དེ་ཡིན་པ་དང་། གོ་ལ་ཧྲིལ་པོའི་ལས་རིགས་ཁག་གི་མི་སྣ་350ལྷག་ཙམ་གྱིས“ཞི་བདེ་དང་ས་འབྲེལ་ཆབ་སྲིད”དང་། “འཕེལ་རྒྱས” “གསར་དར་ཚན་རྩལ”སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
དེ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། བདག་དབང་འདྲ་མཉམ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་ལྟེ་བའི་རྩ་དོན་གྱི་གྲས་ཤིག་ཡིན་པ་དང་། མཉམ་ལས་ནི་རྒྱལ་ཁབ་ཁག་གིས་བདག་དབང་དེ་བས་སྲུང་སྐྱོང་ཡག་པོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་བརྗོད་པ་དང་། ཁོང་གིས་ཕྱོགས་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་སྣེ་མང་ཅན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་ཕྱོགས་མང་ལམ་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གནོན་ཤུགས་འོག རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་བདག་དབང་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་བདེ་འཇགས་དང་། གནམ་གཤིས། ཚན་རྩལ། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།