ཉེ་ཆར་ཟོག་འདྲེན་གྲུ་གཟིངས་ཤིག་ཧྲེན་ཀྲེན་ཡན་ཐེན་གྲུ་ཁར་སྐྱོད་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཧྲེན་ཀྲེན་གྱིས་རྨང་གཞིའི་སྒྲིག་བཀོད་དང་ལམ་ལུགས་ཀྱི་སྒྲིག་སྲོལ་ཟུང་འབྲེལ་ལ་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཞིང་། ཧྲེན་ཀྲེན་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཧྲེན་ཀྲེན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་དཔལ་འབྱོར་དངོས་ཚན་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་རིན་ཐང་དེ་1996ལོའི་སྒོར་དུང་ཕྱུར་2675ནས་2025ལོའི་སྒོར་དུང་ཕྱུར་ཁྲི་3.13བར་འཕར་ནས་ལོ་རེར་ཆ་སྙོམས་8.5%འཕར་བ་དང་། འཕར་ཚད་ལྡབ་10ལྷག་ཙམ་ཟིན་ཡོད། ད་ལོའི་ལོ་སྟོད་དུ་ཧྲེན་ཀྲེན་གྱིས་APECཡི་དཔལ་འབྱོར་དངོས་ཚན་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་33%འཕར་ཡོད་པ་རེད། འདི་ནི་ཉེ་ཆར་ཟོག་འདྲེན་གྲུ་གཟིངས་ཤིག་ཧྲེན་ཀྲེན་ཡན་ཐེན་གྲུ་ཁར་སྐྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།