དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《2026ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུ》པེ་ཅིང་དུ་འགྲེམས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-13

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱས་པ་དང་ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱ་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་ནས་བྲིས་པའི《2026ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུ》པེ་ཅིང་དུ་འགྲེམས་བསྒྲགས་བྱས་པ་རེད།

    སྙན་ཞུའི་ནང“མཉམ་ལས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཟང་ཟིང་དང་བརྟན་ལྷིང་མེད་པའི་རྒྱབ་ལྗོངས་འོག་གི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྤྱིའི་དུས་བབ་བཀོད་པ་དང་། སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པའི་དགོས་ངེས་རང་བཞིན་རྒྱས་བཤད་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་བཏོན་ཡོད། སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་ཚོང་དོན་དང་། གནམ་གཤིས་འགྱུར་ལྡོག མི་ཐབས་རིག་ནུས། འབྲུ་རིགས་ཀྱི་བདེ་འཇགས། འཕྲོད་བསྟེན་དང་བདེ་ཐང་། མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་སོགས་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ད་ལྟའི་གནས་སྟངས་དང་འགྲན་སློང་ལ་གཙོ་གནད་ཐོག་དབྱེ་ཞིབ་བྱས་ནས། དམིགས་ས་ཡོད་པའི་གྲོས་འགོ་བཏོན་པ་མ་ཟད། འགྱུར་ལྡོག་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་དང་མཉམ་ལས་ཐད་གྲོས་བསྡུར་གཏིང་ཟབ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།