དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》ཞེས་པ་པེ་ཅིང་དུ་ཐོག་མར་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་10ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པའི《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》ཞེས་པ་ཉེ་ཆར་རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ནས་ཡོངས་བསྒྲགས་འགྲེམས་སྤེལ་བྱས་ཡོད་པ་རེད།

    ཟླ་11ཚེས་10ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་གཉེར་བའི་བོད་ཀྱི་རིག་མཛོད་ཀྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་བཅུ་པ་དང《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》ཀྱི་པར་ཕུད་འགྲེམས་སྤེལ་ཚོགས་འདུའི་ཐོག ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཚན་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཅུན་ཆན་གྱིས། དེབ་དེར་ས་བཅད་བརྒྱད་ཡོད་ཅིང་། ཟུར་ཚད་མི་འདྲ་བའི་སྒོ་ནས་བོད་ཀྱི་གྲངས་གཞི་ཅན་གྱི་འཕེལ་རྒྱས་ལ་མཆོང་སྐྱོད་ལྟ་བུའི་གྲུབ་འབྲས་ཐོབ་པ་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས་ཡོད་པས། རྒྱལ་ཁབ་ཁག་གི་མཁས་དབང་ཚོས་བོད་ཀྱི་གྲངས་གཞི་ཅན་གྱི་ལག་ལེན་དངོས་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་དང་། བོད་ཀྱི་གཏམ་རྒྱུད་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་ནས་ཡག་པོ་ཤོད་པར་རིག་གཞུང་གི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཅི་ཝེ་མིན་གྱིས། 《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》ཞེས་པར་གཞི་ཆེའི་འཐབ་ཇུས་དང་རི་ཐང་དུ་བརྟག་ཞིབ་མཉམ་འདྲེས་གཏིང་ཟབ་བྱས་ནས་5Gའཕྲིན་གཏོང་དང་། རྒྱང་བསྟེན་སྨན་བཅོས། རིག་ལྡན་སློབ་གསོ། ཐད་གཏོང་དྲ་ཚོང་སོགས་ཐད་ཀྱི་དཔེ་མཚོན་དངོས་ལ་བརྟེན་ནས། དུས་རབས་གསར་པའི་བོད་ཀྱིས་གྲངས་འཛིན་དར་སྲོལ་གྱི་རླབས་རྒྱུན་དང་བསྟུན་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏིང་སའེ་ཡིས། རྩོམ་འབྲིའི་བརྒྱུད་རིམ་ནང་དཔྱོད་དོན་ཚོགས་ཆུང་གིས་སྔ་རྗེས་སུ་བོད་ལྗོངས་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་སོགས་ཀྱི་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ སྨན་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་བསྐྱོད་དེ། གཞི་རིམ་དུ་སྐྱོད་པའི་ལག་ལེན་དངོས་ཟིན་ཐོར་བཀོད་པ་དང་མཁས་དབང་གིས་བསམ་གཞིག་གནང་བ་ཡིག་ཆའི་ནང་བསྡུ་གང་ཐུབ་བྱས་ཡོད།

    པར་ཕུད་འགྲེམས་སྤེལ་ཚོགས་འདུའི་ཐོག་བོད་སྐྱོར་ལས་བྱེད་པ་དང་བོད་ནས་ཡོང་བའི་ཕ་ཡུལ་དུ་ལས་གཏོད་བྱེད་མཁན་དང་ཡུལ་མིའི་འཐུས་མིས་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། གྲངས་རིག་ཅན་གྱི་གྲུབ་འབྲས་ལས་བོད་ཀྱི་མི་སེར་ལ་བྱུང་བའི་འགྱུར་ལྡོག་གསར་པ་མཉམ་སྤྱོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།