ཟངས་རི་རྫོང་གི
“སྐོར་སྐྱོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས”གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བར་བསྐྱོད་པ།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་བྱ་བ་བསྒྲུབ་པར་ཐག་རིང་དུ་སྐྱོད་དགོས་པ་དང་རྩོད་གཞི་སེལ་བར་ཡུན་རིང་འགོར་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས“སྐོར་སྐྱོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས”བཙུགས་ཏེ་སྲིད་ཁྲིམས་དང་། ཁྲིམས་འཛིན། མི་སྤྱི་སོགས་སྡེ་ཚན་དང་དེ་བཞིན་དྲ་མིག་དོ་དམ་པ་དང་གྲོང་ཚོའི་ལས་བྱེད་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས“ལས་ཁུངས་སྒོ་རྩར་ཡོང་བ”དེ“རང་འགུལ་ངང་གཤམ་སྐྱོད”བྱེད་པར་བསྒྱུར་ཡོད།
སྐོར་སྐྱོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“རྒྱུན་གཏན་གྱི་སྐོར་སྐྱོད་དང་གཙོ་གནད་བཅའ་སྡོད་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ། རྫོང་གྲོང་གི་མི་ཚོགས་འདུས་ཁུལ་དུ་གཏན་འཇགས་ཞབས་ཞུའི་ས་ཚིགས་དང་རྣམ་གྲངས་ལས་ཡུལ་སོགས་འགལ་ཟླ་ཐོན་མང་བའི་ཁུལ་དུ་གནས་སྐབས་ཞབས་ཞུའི་ས་ཚིགས་བཙུགས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་འགལ་ཟླ་འདུམ་འགྲིག་དང་། “སྐད་གཉིས”བཅའ་ཁྲིམས་ཁྱབ་གདལ། བཅའ་ཁྲིམས་རོགས་སྐྱོར་དང་དམངས་འཚོའི་ལས་ཚབ་བཅས་བྱས་ཡོད། གདུབ་ཟུམ་འདུམ་འགྲིག་ཐག་གཅོད་ལམ་སྲོལ་བཙུགས་ནས་ཁྱིམ་མཚེས་དང་། གཉེན་སྒྲིག ངལ་རྩོལ་གླ་ཕོགས་སོགས་ཀྱི་རྩོད་གཞིར་དམིགས་ཏེ་ཏང་ཡོན་རྒན་གྲས་དང་གྲོང་ཚོའི་ལས་བྱེད་པ་བསྡུ་རུབ་ཀྱིས་གྲོང་བབ་དམངས་སྲོལ་ལ་བརྟེན་ནས་སྟབས་བསྟུན་འདུམ་འགྲིག་ལ་ཞུགས་པ་དང་རྙོག་འཛིང་ཆེ་བའི་འགལ་ཟླ་སྡེ་ཚན་མང་པོས་མཉམ་དུ་བསལ་ཡོད།
ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཟངས་རི་རྫོང་གི“སྐོར་སྐྱོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས”ཀྱིས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་15སྤེལ་བ་དང་། མང་ཚོགས་ཀྱི་རེ་ཞུ་5བདག་སྤྲོད་བྱས་པ། འགལ་ཟླ་དང་རྩོད་གཞི་7སེལ་བ་བཅས་བྱས་པས་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་100%ཟིན་པ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དཔྱད་ཡིག་1400སྤྲད་པར་མང་ཚོགས་མི་ཐེངས་2500ལ་ཕན་པ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།