དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    བོད་སྐྱོར་ཁྲིམས་དཔོན་གྱི་ལས་སྒོའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    བོད་སྐྱོར་ཁྲིམས་དཔོན་གྱི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འདྲི་གཅོད་ལག་ལེན་གྱི་དཀའ་གནད་སེལ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དུས་ཡུན་ཉིན་གཉིས་ཀྱི་ལས་སྒོའི་གསོ་སྦྱོང་བྱས་པ་རེད།

    དམངས་དོན་འདྲི་གཅོད་ཀྱི་ཆེད་དོན་སློབ་ཁྲིད་བྱེད་རིང་། བོད་སྐྱོར་ཁྲིམས་དཔོན་གྱིས་དུས་འགོར་གཞི་རིམ་ཁྲིམས་ཁང་དུ་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་འདྲི་གཅོད་ཀྱི་དོན་དངོས་དཀའ་གནད་ལ་དམ་པོར་དམིགས་ནས་རང་ངོས་ཀྱི་གྱོད་སྒྲུབ་ཉམས་མྱོང་དང་ཟུང་འབྲེལ་གྱིས་དམངས་དོན་གྱོད་གཞིའི་འདྲི་གཅོད་ཀྱི་འགག་གནད་ལ་དམིགས་ཏེ། དངོས་གཞི་དང་། བརྒྱུད་རིམ། བཅའ་ཁྲིམས་ཀྱི་གོ་ཆོད་བཅས་ཟུར་ཚད་གསུམ་གྱི་ཐོག་ནས་གསལ་འགྲེལ་གཏིང་ཟབ་བརྒྱབ་ཡོད།

    ཉེས་དོན་འདྲི་གཅོད་ཀྱི་ཆེད་དོན་སློབ་ཁྲིད་བྱེད་རིང་། བོད་སྐྱོར་ཁྲིམས་དཔོན་གྱིས་རང་ཉིད་ཀྱིས་བསྒྲུབས་པའི་ཁ་བསླུས་གྱོད་གཞི་འཇུག་སྒོར་བྱས་ནས“གསུམ་སྦྲེལ་ཁ་བསླུས”ཁྲོད་ཀྱི་ཁ་བསླུས་ཀྱི་བྱས་ཉེས་དང་གན་རྒྱའི་ཁ་བསླུས་ཀྱི་བྱས་ཉེས་ཀྱི་དབྱེ་མཚམས་ལ་དམིགས་ཏེ་ཉེས་གསོག་གྲུབ་པ་དང་། ཉེས་ཆད་ཀྱི་ཁྲིམས་ཚད། ཉེས་གྲངས་ཀྱི་རིགས་པའི་གཞུང་ལུགས་སོགས་གསལ་འགྲེལ་གཏིང་ཟབ་བརྒྱབ་པ་དང་། གྱོད་གཞིའི་ཁྲོད་ཀྱི་ཁ་བསླུས་ཀྱི་བྱེད་སྤྱོད་དང་གན་རྒྱའི་བྱེད་སྤྱོད་མཉམ་འདྲེས་དང་། ཉེས་མིང་དབྱེ་མཚམས་ཁོང་དུ་ཆུད་དཀའ་བ། དམངས་དོན་དང་ཉེས་དོན་སྣོལ་འདྲེས། དེ་བཞིན“གསུམ་སྦྲེལ་ཁ་བསླུས”བྱེད་སྤྱོད་གཏན་འཁེལ་གཅིག་མཚུངས་མེད་པ་སོགས་སྐོར་གྱི་ཁྲིམས་འཛིན་ལག་ལེན་གྱི་དཀའ་གནད་དངོས་ལ་དམིགས་ཏེ། ཉེས་གྲངས་རྣམ་པའི་ཁྲོད་ཀྱི་ཞོར་འདྲུད་ཉེས་ཅན་གྱི་རིགས་པའི་གཞུང་ལུགས་སྤྱད་དེ་དབྱེ་ཞིབ་བྱས་པ་དང་། གྱོད་གཞི་དེའི་རིགས་གཏན་འཁེལ་གཅིག་མཚུངས་མེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཉེས་ཐག་གཅོད་པ་དང་ཉེས་ཆད་ཚད་འབེབས་ཁོང་དུ་ཡང་དག་ཆུད་རྒྱུར་ཁྲིམས་གཅོད་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ལ། སླད་ཕྱིན་གྱོད་གཞི་དེའི་རིགས་སྒྲུབ་པར་ཉམས་མྱོང་བཟང་པོའང་བསགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།