དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཚེས་11ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་ཨུ་ཡོན་ལི་གོ་ཞི་དང་བཅས་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ངོ་འཕྲད་སྤེལ་རེས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་སྒྲོག་འགྲེལ་ལ་ཞུགས་ཡོད་པ་རེད།

    ཀ་ལ་གྲོང་ཚོར་སྒྲོག་འགྲེལ་ཚོགས་པ་དང་བཅས་པས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསྡད་པ་དང་། ལི་གོ་ཞི་ཡིས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆར་བརྟེན་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གསལ་པོ་དང་། སྒྲོག་འགྲེལ་གནད་སྨིན། སྒྲོག་འགྲེལ་ཏན་ཏིག སྒྲོག་འགྲེལ་མཐར་ཕྱིན་བཅས་བྱས་ཏེ་ཚང་མས་གོ་ཐུབ་པ་དང་། སེམས་ལ་ངེས་ཐུབ་པ། བེད་སྤྱོད་གཏོང་ཐུབ་པ་བཅས་བྱས་པ་རེད།

    གཞི་རིམ་གྱི་སྤེལ་རེས་བྱེད་སྒོར་ལི་གོ་ཞི་ཡིས་གཞི་རིམ་གྱི་ཏང་ཡོན་ཚོས་དོ་ཁུར་བྱེད་པའི་གནད་དོན་རེ་རེ་བཞིན་ལ་ལན་བསྐྱོན་ཞིང་། ཁོང་གིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱེད་སྐབས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་བདེ་སྐྱིད་འཚོ་བར་འགྱུར་བ་བྱས་ནས། མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།