དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཉེ་དུས། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་མ་འཇོག་དང་། འཛད་སྤྱོད། གྲོང་མིའི་ཡོང་འབབ། དངུལ་རྩ་སོགས་ཀྱི་དམིགས་ཚད་འཁོར་སྐྱོད་རིམ་སྤོར་བྱུང་སྟེ། མ་འཇོག་སྤྱི་ཡོངས་ལ་དཀའ་ངལ་ཆེ་ཙམ་ཡོད་མོད། འོན་ཀྱང་གྲུབ་ཆ་ལེགས་སུ་ཕྱིན་པ་དང་འཛད་སྤྱོད་ཁྲོམ་ར་བརྟན་དུ་ཕྱིན་པར་བརྟེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་མུ་མཐུད་ནས་ཆུང་དུ་ཕྱིན་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་2.9ཆག་མོད། འོན་ཀྱང་བཟོ་ལས་ཀྱི་མ་འཇོག་བྱེད་ཚད་25.9%འཕར་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་བྱེད་ཚད་2.7%འཕར་བ། དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་12.3%འཕར་བ་རེད། མ་འཇོག་བསྡོམས་འབོར་དུས་མཚུངས་དང་བསྡུར་ན་ཅུང་ཆག་མོད། འོན་ཀྱང་མ་འཇོག་གི་བསྡུར་ཚད་དེ་དངོས་ལས་དང་དམངས་འཚོའི་ཕྱོགས་སུ་རིམ་བཞིན་འགྱུར་བཞིན་ཡོད།

    འཛད་སྤྱོད་ཁྲོམ་ར་སྤྱི་ཡོངས་ནས་བརྟན་པོ་ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་785.45ཟིན་པ་དེ་དུས་མཚུངས་ལས་2.2%འཕར་བ་དང་། དེའི་ནང་བཅད་གྲངས་ཡན་གྱི་ཚན་པའི་འཛད་ཟོག་སིལ་ཚོང་དངུལ་འབོར་1.3%འཕར་ཡོད། གྲོང་མིའི་ཡོང་འབབ་བརྟན་པོ་འཕར་ནས་གྲོང་གསེབ་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་པ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25164ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད། རྒྱུན་སྡོད་ས་ཆ་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་48390ཟིན་ནས་6.5%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15705ཟིན་ནས་8.0%འཕར་ཡོད། འཕར་ཚད་ཀྱི་ཧེ་བག་གཙོ་བོ་ནི་ཞིང་འབྲོག་པའི་གླ་ཆ་དང་ཐོན་འབབ་ལས་བྱུང་བའི་ཡོང་འབབ་མང་དུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཡོང་འབབ་ཧེ་བག་རིམ་བཞིན་ཆུང་དུ་འགྲོ་བ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།