《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》པེ་ཅིང་དུ་ཐོག་མར་འགྲེམས་སྤེལ་བྱས་པ།
ཟླ་11ཚེས་10ཉིན“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་འོག་གི་བོད་ཀྱི་གྲངས་རིག་ཅན་གྱི་ལག་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་རིག་མཛོད་ཀྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་བཅུ་པ་དང《གྲངས་རིག་ཅན་གྱི་བོད་ལྗོངས། མཉམ་སྤྱོད་དང་འཕེལ་རྒྱས》ཞེས་པའི་དེབ་གསར་འགྲེམས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། དེབ་དེ་ཉེ་ཆར་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དེབ་དེ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་དཔྱོད་དོན་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་གཏིང་ཟབ་བྱས་ནས་བྲིས་པ་ཞིག་ཡིན་ཞིང་། རྒྱ་ཡིག་དང་། དབྱིན་ཡིག བོད་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ནས་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་དང་། དེབ་ཧྲིལ་པོར་ས་བཅད་བརྒྱད་ཡོད་པ་དེ་དག་གིས་ཟུར་ཚད་མི་འདྲ་བ་ནས་བོད་ཀྱི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་མཆོང་སྐྱོད་ལྟ་བུའི་གྲུབ་འབྲས་མངོན་པར་བྱས་ཏེ། རྒྱལ་ཁབ་ཁག་གི་མཁས་དབང་གིས་བོད་ཀྱི་གྲངས་འཛིན་ཅན་གྱི་ལག་ལེན་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་མངོན་སུམ་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཡག་པོ་ཤོད་པར་རིག་གཞུང་གི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།