དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་གྱིས་འཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔ་བར། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་15དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཚན་པ་85 རིམ་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་204བཅས་བཏོད་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་བཏོན་པ་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། གཞི་རིམ་གྱི་སྒྲོག་འགྲེལ་ལ་རྒྱུན་མཐུད་དམ་འཛིན་ཏན་ཏིག་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན། སློབ་གྲྭ ཁེ་ལས། དམག་སྒར། དགོན་སྡེ། ཁྱིམ་ཚང་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི(ཁང)86དང“མི་བརྒྱའི་སྒྲོག་འགྲེལ་ཚོགས་པ”ཡག་པོ་སྤྱད་པ། རྒྱ་ཆེའི་མང་ཚོགས་ལ་ཕྱོགས་ནས་རྒྱུན་རྣམ་ཅན་གྱི་སྒྲོག་འགྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།

    དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱིས་ད་དུང་བོད་སྐྱོར་གྱི“ཞིང་ཆེན་གཉིས་དང་ཁེ་ལས་གསུམ”དང་ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་བྱས་ཏེ། “ས་མཐོའི་སེ་འབྲུ་དམར་པོ། སེམས་མཐུན་ཕུགས་འདུན་མཉམ་དུ་གཏོད་པའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་དབར་གྱི་འགྲོ་འོང་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་ནས་ལས་ཁུངས་དང་། སྨན་ཁང་། སློབ་གྲྭ ཁེ་ལས་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་སྦྱོང་མཉམ་སྒྲུབ་མཉམ་རོལ་བྱེད་པར་སྐུལ་འདེད་བཏང་བ་དང་། དཔུང་སྡེའི་དཔོན་དམག་560ཡིས་མཐའ་མཚམས་གྲོང་ཚོ(སྡེ་ཁུལ)དང་ཆ་སྒྲིག་མཉམ་སྐྲུན་བྱས་པ། དམངས་གཉེར་ཁེ་ལས་དང་ཚོང་ཚོགས་77གྱིས་གྲོང་ཚོ(སྡེ་ཁུལ)76ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་མི་རིགས་དབར་གྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། མི་རིགས་དབར་གྱི་བར་ཐག་ཐུང་དུ་བཏང་བ། མི་རིགས་དབར་བརྩེ་སེམས་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།