དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྱེད་ལ་བསམ་འཆར་དང་གྲོས་འགོ་ཡག་པོ་ཡོད་ན་འདིར་འདོན་པར་ཕེབས་ཤོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-12

    བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་2027ལོའི་ལས་དོན་ཁག་ཇུས་འགོད་ཡག་པོ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》འཆར་ཟིན་ཡག་པོ་འགོད་ཆེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མི་དམངས་དྲ་བ་དང་མཉམ་འབྲེལ་བྱས་ཏེ་མི་དམངས་དྲ་བའི“འགོ་ཁྲིད་ལ་ལན་འཇོག་སར”སྲིད་གཞུང་ལས་དོན་གྱི་བསམ་འཆར་བསྡུ་ལེན་ལེ་ཚན་བཟོས་ཏེ་སྤྱི་ཚོགས་སུ་བསམ་འཆར་དང་གྲོས་འགོ་ཡོངས་བསྒྲགས་ངང་བསྡུ་བཞིན་ཡོད།  

    ད་ཐེངས་ཀྱི་བསམ་འཆར་བསྡུ་ཡུན་ནི་2026ལོའི་ཟླ་11ཚེས་11ཉིན་ནས་ཟླ་12ཚེས་10ཉིན་བར་ཡིན། བསམ་འཆར་བསྡུ་བའི་ནང་དོན་ནི་སྤྱི་ཚོགས་བཅོས་སྐྱོང་དང་། མི་རིགས་ཆོས་ལུགས། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། ཚན་རྩལ་གསར་གཏོད། དམངས་འཚོའི་དོན་དངོས། ལས་ཞུགས་ལས་གཏོད། སློབ་གསོ་རིག་གནས། འཕྲོད་བསྟེན་བདེ་ཐང་། སྒྱུར་བཅོས་ཟབ་གཏོང་། ཕྱི་ཕྱོགས་སྒོ་དབྱེ། ཚོང་གཉེར་ཁོར་ཡུག གནོད་འཚེ་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོང་། མཐའ་མཚམས་འཛུགས་སྐྲུན་བཅས་ཕྱོགས་16གི་ནང་དོན་ཡིན།

    རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པར་དགའ་བསུ་ཞུ། སྐུ་ཉིད་ཀྱིས་ཆེད་བསྒྲིགས་ལེ་ཚན་གྱི་ངོས་སུ་ཐབས་འདོན་གྱི་རིགས་དབྱེ་ལྟར་ཐབས་ཇུས་འདོན་པའི་ནང་དོན་འགོད་རོགས། ང་ཚོས་ཁྱེད་ཀྱི་གྲོས་འགོ་མཐའ་དག་ལ་ནན་ཏན་ངང་ཉན་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡག་པོ་རྣམས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་གྱི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།