སི་ཁྲོན་དཀར་མཛེས་དཔལ་ཡུལ་རྫོང་དུ།
དྲ་རྒྱས་རི་ཀླུང་འབྲེལ། ས་མཐོར་ཚོང་ལམ་བཏོད།

འདི་ནི་ཟླ་11ཚེས་3ཉིན་ས་བབ་སྨི་3000ལྷག་ཙམ་ཡོད་པའི་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་འཛུགས་སྐྲུན་གྲོང་རྡལ་དཔལ་སྨད་གྲོང་ཚོར་དྲ་ཚོང་གི་གཙོ་སྒྲོན་པ་གྲོང་སྡོད་རུ་མི་བསོད་ནམས་གཡང་སྐྱིད(སྟར་པ་མདུན་གྱི་གཡོན་གྱི་དང་པོ)དང་ཡུལ་མི་ཚོས་གངས་རི་རྒྱབ་ལྗོངས་སུ་བྱས་ཏེ་ཐད་གཏོང་ལས་སྟེགས་སུ་གྲོང་ཚོའི་ཡུལ་ཟོག་འོས་སྦྱོར་བྱེད་བཞིན་པ།

འདི་ནི་ཟླ་11ཚེས་2ཉིན་དཔལ་ཡུལ་རྫོང་ཞིང་ལས་ཚན་ཞིབ་ཚན་རིག་ཁྱབ་གདལ་ལྟེ་གནས་ཀྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་གཙོ་སྒྲོན་པ་ཀུན་བཟང་དཔལ་ལྡན(གཡས་ཀྱི་དང་པོ)དང་དབྱང་སེན(གཡོན་གྱི་དང་པོ)གྱིས་སློབ་གཉེར་བའི་སྣེ་ཁྲིད་དེ་ཐད་གཏོང་ལས་སྟེགས་བརྒྱུད་དྲོད་ཁང་ཆེ་མོའི་ཀྲོ་མ་ཀྲུ་འོས་སྦྱོར་བྱེད་བཞིན་པ།

འདི་ནི་ཟླ་11ཚེས་3ཉིན་གྱི་དགོང་མོ་ས་བབ་སྨི་3000ལྷག་ཙམ་ཡོད་པའི་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་འཛུགས་སྐྲུན་གྲོང་རྡལ་དཔལ་སྨད་གྲོང་ཚོའི་སྐྱེ་ཁམས་ཞིང་གྲོང་དུ་དྲ་ཚོང་གི་གཙོ་སྒྲོན་པ་གྲོང་སྡོད་ལས་དོན་རུ་མི་བསོད་ནམས་གཡང་སྐྱིད་ཀྱིས་ཐད་གཏོང་ལས་སྟེགས་བརྒྱུད་གྲོང་ཚོའི་ཡུལ་ཟོག་འོས་སྦྱོར་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་གིས་ས་མཐོའི་གྲངས་འཛིན་གྱི་ཞན་ཆ་རྒྱུན་མཐུད་བསལ་བ་དང་འཕྲིན་གཏོང་དྲ་རྒྱ་རིམ་སྤོར་བྱས་པས། ཤང་དང་གྲོང་རྡལ་དུ་4Gཁྱབ་པ་དང་། གཙོ་གནད་ས་ཁོངས་སུ་5Gཁྱབ་པ། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཁྱབ་པ་བཅས་བྱུང་ནས་གངས་ལྗོངས་ཆ་འཕྲིན་གྱི་འཕར་རྩ་རྒྱས་ཡོད། ས་གནས་དེ་གས་དྲ་ཐོག་ཚོང་དོན་གྱི་རྩལ་ནུས་གསོ་སྦྱོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། གྲོང་སྡོད་ལས་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དབུ་ཆེན། ཕ་ཡུལ་དུ་ལོག་པའི་གཞོན་ནུ། ཞིང་འབྲོག་པ་སོགས་ས་གནས་དེ་གའི“ཞིང་པ་གསར་པ”བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཡོད། ད་ཆ་རྫོང་དེ་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས་60ལྷག་ཙམ་དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོ་ནས་འགྲེམས་འཚོང་བྱེད་པ་དང་ནགས་ཁྲོད་ཤ་མོའི་རིགས་སོགས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཕྱི་རྒྱལ་དུ་ཕྱིར་ཚོང་བྱས་ཏེ། “རི་ཁུག་གི་སྤུས་ལེགས་ཐོན་རྫས”ནས“རྒྱལ་སྤྱིའི་སྤུས་ལེགས་ཐོན་རྫས”བར་མཆོང་སྐྱོད་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།