2026ལོའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དང་རིག་གནས་གླེང་སྟེགས་ཀྲེ་ཅང་དུ་གཉེར་བ།
ཉེ་ཆར། 2026ལོའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དང་རིག་གནས་གླེང་སྟེགས་ཀྲེ་ཅང་ཅིན་ཧྭ་དབྱི་ཝུའུ་རུ་གཉེར་ཞིང་། ད་ཐེངས་ཀྱི་གླེང་སྟེགས་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་39ནས་ཡོང་པའི་སྐུ་མགྲོན་400ལྷག་ཙམ་གྱིས“དཔལ་འབྱོར་ཚོང་དོན་དར་རྒྱས་དང་། རིག་གནས་ཕན་ཚུན་མྱོང་ལེན། རོགས་ཟླ་གཉིས་ཁེ། དམངས་སེམས་གཅིག་མཐུན”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་པར་ལྷུག་གླེང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།