དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི《ནང་འདྲེན་འགྲེམས་ཚོགས་ཀྱི་གཏམ་རྒྱུད》ཧྲང་ཧའེ་རུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-12

    ཉིན་ཤས་གོང་། 2026ལོའི“ནང་འདྲེན་འགྲེམས་ཚོགས་ཀྱི་གཏམ་རྒྱུད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་སྤེལ་བ་རེད། ནང་འདྲེན་འགྲེམས་ཚོགས་ཀྱི་འགྲེམས་ཞུགས་ཚོགས་ཞུགས་ཁེ་ལས་དང་སྒྲིག་གཞི་ཁག་གི་འཐུས་མི་དང་སྨྱན་སྦྱོར་གྱི་འཐུས་མི་སོགས་ཁྱོན་སྐུ་མགྲོན་170ཙམ་མཉམ་དུ་ཞུགས་ནས་བདེན་དཔང་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། 2026ལོའི《ནང་འདྲེན་འགྲེམས་ཚོགས་ཀྱི་གཏམ་རྒྱུད》ཀྱི་རྒྱ་ཡིག་དང་དབྱིན་ཡིག་པར་གཞིའི་དཔེ་དེབ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དཔེ་དེབ་དེའི་ཁྲོད་ནང་འདྲེན་འགྲེམས་ཚོགས་ལ་དངོས་སུ་ཞུགས་མྱོང་མཁན་30ཡིས་གཉིས་ཕན་མཉམ་གནས་བྱས་པའི་མཉམ་ལས་ཀྱི་གཏམ་རྒྱུད་འཁོད་ཡོད་པ་རེད། མཉམ་འགུལ་མཉམ་སྤྱོད་ཀྱི་བར་མཚམས་སུ། རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་པ་དང་ལས་གཉེར་བས་རང་ཉིད་ལ་དབང་བའི“ནང་འདྲེན་འགྲེམས་ཚོགས་ཀྱི་འགག་རྩའི་ཚིག”མཉམ་སྤྱོད་བྱས་ནས། ནང་འདྲེན་འགྲེམས་ཚོགས་ཀྱི་ཞོར་ཐོན་ཕན་འབྲས་མངོན་པར་བྱས་པ་རེད།

    བྱེད་སྒོ་འགོ་ཚུགས་རྗེས་འབྲེལ་ཡོད་ནང་དོན་གོ་ལ་ཧྲིལ་པོར་ཁྱབ་སྤེལ་ཕྱིན་ཚད་ཐེངས་དུང་ཕྱུར་28ཙམ་ཟིན་ནས་འཛམ་གླིང་སྦྲེལ་མཐུད་བྱེད་པའི་གཏམ་རྒྱུད་ས་ཚིགས་སུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།