དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེན་ནི་ཡའི་མེ་ཏོག་ནང་འདྲེན་འགྲེམས་ཚོགས་སུ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-12

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཁེན་ནི་ཡའི་རྒྱལ་ཁབ་ཀྱི་འགྲེམས་ཁང་དུ་མཐོ་ཚད་ལ་སྨི་གཉིས་ལྷག་ཙམ་ཡོད་པའི་རྒྱ་སེ་མེ་ཏོག་གི་གྱང་ཞིག་ལ་ལྟད་མོ་བ་མི་ཉུང་བ་ཞིག་ཡིད་དབང་འཕྲོག་ཡོད། ཁེན་ནི་ཡས་སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད་ཨ་ཧྥེ་རི་ཁ་ཤར་མའི་ས་མཐོའི་མེ་ཏོག་གི་དྲི་ཞིམ་ཀྲུང་གོའི་ཁྲོམ་རར་ཁྱབ་པའི་རེ་བ་བྱེད་ཀྱི་ཡོད། འདི་ནི་ཟླ་11ཚེས་7ཉིན་མི་རྣམས་ཀྱིས་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཁེན་ནི་ཡའི་རྒྱལ་ཁབ་འགྲེམས་ཁང་གི་རྒྱ་སེའི་མེ་ཏོག་གྱང་གི་མདུན་དུ་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།