དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མཁའ་དབྱིངས་ཀྱི་མངའ་རིས། འབྱུང་འགྱུར་ལ་ཕྱོགས་པའི”ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཧྲའན་ཤིས་དབྱང་ལིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-12

    ཉིན་ཤས་གོང་། ཀྲུང་གོའི་དབྱང་ལིང་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་འགྲེམས་ཚོགས་སྐབས་33པ་དང་མངའ་རིས་ས་ཁུལ་གྱི“མཁའ་དབྱིངས་ཀྱི་མངའ་རིས། འབྱུང་འགྱུར་ལ་ཕྱོགས་པའི”ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཧྲའན་ཤིས་དབྱང་ལིང་དུ་འཚོགས་པ་རེད། ས་གནས་ས་ཐོག་ཏུ་མཉམ་ལས་གན་རྒྱ་11བཞག་པ་དང་གན་རྒྱ་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་4.12ཟིན་པ་དེ་དག་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཡོད།

    འོས་སྦྱོར་ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་དང་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་མངའ་རིས་ཡན་ལག་དངུལ་ཁང་གིས་ས་ཁོངས་ཀྱི་མ་འཇོག་ཁོར་ཡུག་དང་། ཚོང་འགུགས་ལྷན་སྦྱར་དང་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ངོ་སྤྲོད་བྱས་པ་དང་། མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བས་རྫོང་ཁག་གི་ཐོན་ཁུངས་ལེགས་ཆ་དང་མ་འཇོག་བར་མཐོངས་ལ་དམིགས་ནས། འོས་སྦྱོར་བྱས་ཏེ་རྒྱ་ཆེའི་ཁེ་ལས་མཁས་ཅན་མངའ་རིས་སུ་ཡོང་ནས་མངའ་རིས་ཤེས་རྟོགས་དང་མ་འཇོག་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས་པ་རེད།

    དེ་དང་ཆབས་ཅིག ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་མངའ་རིས་མཐོ་གྲང་རྩྭ་སའི་ཞིང་ལས་ཚོད་ལྟའི་དཔེ་སྟོན་ས་ཚིགས་དང་། དབྱང་ལིང·ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་སྒྲིག་བཀོད་སྔོ་ཚལ་ཚོད་ལྟའི་དཔེ་སྟོན་ས་ཚིགས་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་མངའ་རིས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། སྔ་རྗེས་སུ་མངའ་རིས་དང་། ཧོ་པེ། ཧྲའན་ཤིས་སོགས་སུ་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཐེངས་13འཚོགས་པ་དང་། རིམ་རྩིས་བརྒྱབ་ན་རྣམ་གྲངས་35ལ་གན་རྒྱ་བཞག་པར་ཁྱོན་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་36ཟིན་ཡོད། མིག་སྔར། ས་ཁུལ་དེའི་སྐྲུན་བཞིན་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་50ཡིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་22.15བཏང་བ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་170.38%ལེགས་གྲུབ་བྱུང་བ། མིག་མཐོང་ལག་ཟིན་གྱི་ཚོང་འགུགས་ཕན་འབྲས་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤུས་འབྲས་ལེགས་གཉེར་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།