དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་དང་འགན་ལེན་གལ་ཆེན་ཞིག་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཐེན་ཕེ།   |     སྤེལ་དུས།  2026-11-12

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། “རྒྱལ་ཁབ་དེ་བས་བདེ་འཇགས་དང་། སྤྱི་ཚོགས་དེ་བས་སྒྲིག་ལམ་ལྡན་པ། བཅོས་སྐྱོང་དེ་བས་ནུས་པ་ལྡན་པ། མི་དམངས་དེ་བས་བློ་ཡིད་ཚིམ་པ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་སྟེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    དུས་བདེ་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་དམངས་ཀྱི་འདུན་པ་འཆང་ས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་གཞག་དར་རྒྱས་གོང་འཕེལ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་ཅིང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་རེད་ལ། འགན་ལེན་གལ་ཆེན་ཞིག་ཀྱང་རེད”ཅེས་ནན་བཤད་གནང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་གཏོང་བ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་གྲས་ཤིག་ཏུ་བརྩིས་ནས། “ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་བཏོན་པ་དང་འབྲེལ། “རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པར”དམིགས་ནས་ལས་དོན་བཀོད་སྒྲིག་བྱས་ཡོད།

    ཁྱིམ་ཚང་ཁྲི་སྟོང་མང་པོའི་ངོས་ནས་བཤད་ན། དུས་བདེ་ཞེས་པའི་ཡིག་འབྲུ་གཉིས་པོར་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན་དུས་བདེའི་འགན་འཁྲི་ཧ་ཅང་ལྕི་པོ་རེད།

    “མི་སེར་གྱི་བདེ་སྐྱིད་སྲུང་བ་དང་། རྒྱལ་ཁབ་ཀྱི་དུས་བདེ་སྲུང་དགོས” ད་ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི“ཀྲང་ཀྲོའུ་110”གྱི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་དང་འབྲེལ། རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་མངགས་བཅོལ་ཟབ་མོ་ཡང་གནང་བ་རེད།

    ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་ཡི་110ཉེན་རྟོག་ཞབས་ཞུའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ལ་རྟོག་ཞིབ་གནང་མྱོང་ཡོད། ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། “ཀྲང་ཀྲོའུ་110”དེ་སྤྱི་བདེ་ལས་ཁུངས་ཀྱིས་མི་སེར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གསེར་ཡིག་མིང་བྱང་དུ་གྱུར་ཡོད།

    ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས“དུས་བདེའི་ཀྲེ་ཅང”འཛུགས་སྐྱོང་གི་དགོངས་པ་བཏོན་གནང་བས། ཀྲེ་ཅང་དེ་ཉིད“དུས་བདེ་ཆེན་པོ”འཛུགས་སྐྲུན་གྱི་འཐབ་ཇུས་འདོན་སྔ་ཤོས་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་སྔ་ཤོས་ཀྱི་ཞིང་ཆེན་དུ་གྱུར་ཡོད།

    བསམ་བློའི་འཕེལ་ཕྱོགས་ནི་ནམ་ཡང་གཅིག་རྒྱུན་གཅིག་འཛིན་རེད།

    2013ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད“དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་དགོས་པ”དང“མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ཞིང་སྒྲིག་ལམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བའི་འགན་ལེན་བྱེད་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།

    2025ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་ཉི་ཤུ་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་སྐབས། “སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རྒྱལ་ཁབ་དེ་བས་བདེ་འཇགས་ལྡན་པ་དང་། སྤྱི་ཚོགས་དེ་བས་སྒྲིག་ལམ་ལྡན་པ། བཅོས་སྐྱོང་དེ་བས་ནུས་པ་ལྡན་པ། མི་དམངས་དེ་བས་བློ་ཡིད་ཚིམ་པ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་ནས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

    བདེ་འཇགས་དང་། བརྟན་ལྷིང་། བདེ་སྡོད་སོགས། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་གནད་ལ་འཁེལ་ཞིང་ཚིག་ཐག་ཆོད་པ་ཞིག་ཡོད།

    གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། “ཉེས་གསོག་དེ་རིགས་ཐོན་མང་བ་དང་ཡང་སེ་ཐོན་པའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་སྐོར་ལ། “གནད་དོན་གང་ཞིག་མངོན་གསལ་དོད་པོ་ཡོད་ན་སྟོབས་ཤུགས་གཅིག་སྡུད་ཀྱིས་གནད་དོན་དེ་ཐག་གཅོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཆེ་ཆུང་བྱ་བ་སྣ་ཚོགས་དག་ནི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་པས་སྐུལ་འདེད་ཏན་ཏིག་གཏོང་བ་ལས་སྣང་མེད་དུ་གཏན་ནས་འཇོག་མི་རུང་།

    དུས་བདེ་ནི་མི་དམངས་བདེ་སྐྱིད་ཡོང་བའི་སྲོག་རྩ་ལྟ་བུ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་དུས་བདེ་དང་བདེ་འཇགས་ལ་བཅངས་པའི་མི་དམངས་ཀྱི་དགོས་མཁོ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་སྟེ་ས་ཁུལ་གཅིག་དང་། ས་ཁོངས་གཅིག ལས་རིགས་གཅིག་བཅས་ཀྱི་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལ་ཆ་རྐྱེན་སྐྲུན་པ་དང་བདེ་འཇགས་ཀྱི་གནད་དོན་རེ་རེ་བཞིན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ཏེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་ཐོ་འགོད་བྱེད་ཚད་ཤུགས་ཆེན་ཆག་པའི་ནང་2025ལོར་གྱོད་གཞི་ཐོ་འགོད་བྱེད་ཚད་དུས་མཚུངས་ལས་12.8%ཆག་པ་དང་། མི་དམངས་ཁྲིམས་ཁང་གི་འདྲི་ཞིབ་དང་པོས་སློབ་གསོ་དང་། ལས་ཞུགས། རྒན་གསོ། སྨན་བཅོས་སོགས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་གྱོད་གཞི་ཁྲི་2346.6འདྲི་ཞིབ་མཇུག་སྒྲིལ་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་བསྡོམས་ཁྲི་34.8སྒྲུབ་གཉེར་བྱས་པས། སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་དང་དུས་བདེའི་རྣམ་པ་དེ་བས་ལེགས་སུ་ཕྱིན་ཡོད།

    དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དོན་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ་མི་དམངས་ལའང་བརྟེན་དགོས།

    མང་ཚོགས་ཀྱི་རེ་འདུན་ཞུ་བའི་ཐབས་ལམ་དེ་བས་ཤར་གཏོང་ཐུབ་པར་བྱས་ཏེ་མང་ཚོགས་ལ་དེ་བས་བདེ་འཇགས་དང་དེ་བས་བདེ་སྐྱིད་ལྡན་པའི་ཚོར་སྣང་ཞིག་ཇི་ལྟར་ཡོང་བར་བྱེད་དགོས་སམ།

    གནད་དོན་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད།

    2020ལོའི་ཟླ་3ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་ཕེབས་ནས། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གཅིག་འཐུས་ཐོག་བསྡུ་ལེན་དང་། སྡེབ་གཅིག་ཏུ་འདུམ་འགྲིག འཁོར་འབྲེལ་ཧྲིལ་པོར་ཐག་གཅོད་བཅས་ཀྱི་བྱེད་སྟངས་འཁོར་སྐྱོད་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

    “མི་སེར་ལ་གནད་དོན་འཕྲད་སྐབས་ཞུ་ས་ཡོད་པར་བྱས་ཏེ་འགལ་བ་ཐོན་བཟོ་ཡོད་དུས་དང་གཞི་རིམ་ནས་ཐག་གཅོད་ཏན་ཏིག་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་གནང་ཡོད།

    སྤྱི་ཚོགས་བཅོས་སྐྱོང་གི་ཟུར་སྣེ་གཅིག་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་དང་། ཟུར་སྣེ་གཞན་ཞིག་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོའི་བདེ་སྡུག་དང་འབྲེལ་བ་ཡོད་པས། དེ་ནི་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་མི་འདྲ་བར་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་ཐེངས་མང་གསུངས་པ་དང་། “དོན་ཆུང་གྲོང་ཚོ་ནས་མི་ཐོན་པ་དང་། དོན་ཆེན་གྲོང་རྡལ་ནས་མི་ཐོན་པ། འགལ་བ་གོང་ལ་མི་ཞུ་བ”བཅས་ཐུབ་པར་བྱེད་དགོས་པའི་མངགས་བྱ་གནང་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    “མི་སེར་ཚོའི་ཉེ་འགྲམ་གྱི་དོན་ཆེན་དང་དོན་ཆུང་ཐག་གཅོད་ཡག་པོ་བྱས་ཏེ་ཚང་མ་སྤྲོ་སྣང་མང་ཙམ་དང་དྲོ་སྐྱིད་མང་ཙམ་ཡོང་བར་བྱེད་དགོས”ཞེས་པའི་བཀའ་མོལ་དེ་ནི་ནམ་ཡང་བརྗེད་མི་སྲིད་པའི་ཐུགས་ཁུར་ཞིག་རེད་ལ། ཡུན་རིང་གཏན་འཁྱོངས་གནང་བའི་ལག་ལེན་ཞིག་ཀྱང་རེད།

    ལོ་ཟླ་ནི་བདེན་དཔང་བྱེད་མཁན་དང་མི་དམངས་ནི་རྒྱུགས་དཔྱད་པ་རེད། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། འཕེལ་རྒྱས་དང་བདེ་འཇགས་འགན་ལེན་དེ་བས་ནུས་ལྡན་བྱུང་ཡོད།

    ཀོང་ཀྲོའུ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་པའེ་ཡུན་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་རྒྱལ་ཁོངས་མ་ལེ་ཞི་ཡ་ནས་ཡིན་པའི་ཡུལ་སྐོར་བ་ཞིག་གིས་མཐའ་མཚམས་ནས་ཁ་མ་བྲལ་གོང་ཀྲུང་གོའི་བདེ་འཇགས་བཅོས་སྐྱོང་ལ་ཧང་སངས་བཞིན་དུ“ཀྲུང་གོར་ད་ཆ་དུས་བདེ་ལྷིང་འཇགས་རེད་འདུག ཀྲུང་གོ་བའི་འཚོ་བ་སྐྱིད་པོ་རེད་འདུག”ཅེས་ལས་དོན་པར་བརྗོད།

    “དུས་བདེའི་ཀྲུང་གོ”དེ་ཉིད་བཀྲག་མདངས་འཚེར་བའི“རྒྱལ་ཁབ་ཀྱི་མིང་བྱང”ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།